ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་པ།


ས་སྐྱ་༧ གོང་མ་ཁྲི་ཆེན་རིན་པོ་ཆེ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་ནས་རྡོ་རྗེ་ཕུར་པའི་དབང་གནང་རྒྱུ་དང་། དེ་ནས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ས་སྐྱའི་དགོན་པ་གསུམ་དང་། མོན་གྷོ་གཞིས་ཆགས་ཀྱི་བོད་མི་ཚོས་༧ གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་མ་ཟད། ད་དུང་རྒྱ་གར་ལྷོ་ཕྱོགས་ཁུལ་བོད་མིའི་གཞིས་ཆགས་ཀོ་ལི་གལ་དང་། སྦེལ་ཀོབ་བཅས་སུ་ཆོས་འབྲེལ་གནང་རྒྱུ་ཡིན་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་ཞིབ་ཕྲ་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG