ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྷི་ལི་པིན་དང་ཨ་རིའི་དམག་སྤྱི་རྣམས་ཀྱིས་དམག་དོན་གྱི་འབྲེལ་བ་མུ་མཐུད་ཡོད་ལུགས་བརྗོད་ཡོད་པ།


ཕྷི་ལི་པིན་དང་ཨ་མི་རི་ཀའི་དམག་སྤྱི་རྣམས་ འདི་ཟླའི་ཚེས་༢༢ ཉིན་ ཕྷི་ལི་པིན་གྱི་སྐམ་དམག་གི་རྟེན་གཞི་ཨཱ་གཱི་ནཱལ་ཌོ་རུ་ལྷན་འཛོམས་གྲོས་མོལ་གནང་ཡོད་པ་དེ་སྐབས་ ཕྱོགས་གཉིས་ཀས་ཕན་ཚུན་འབྲེལ་བ་རྒྱུན་ཆད་མེད་པར་བྱ་རྒྱུར་མོས་མཐུན་དང་ཁས་ལེན་བྱས་ཡོད་པ་རེད་ གྲོས་མོལ་ཚོགས་འདུ་དེ་ནི་ ཡུལ་གྲུ་གཉིས་ཀྱི་དམག་དོན་མི་སྣའི་ལོ་འཁོར་ཚོགས་འདུ་ཞིག་ཡིན་ཞིང་ ཐེངས་འདིའི་ཚོགས་འདུ་ནི་ ཕྷི་ལི་པིན་གྱི་ནང་ སྐུ་ཞབས་རོདྷ་རི་གྷོ་ དྷུ་ཏར་ཏཱི་ སྲིད་འཛིན་ལ་འོས་འདེམས་བྱུང་བ་དང་ ཨ་མི་རི་ཀའི་ནང་ སྐུ་ཞབས་ཌཱ་ནཱལྜ་ ཏྲི་རམ་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་བཅས་ཀྱི་འགྱུར་བའི་གནས་ཚུལ་བྱུང་བའི་རྗེས་སུ་ ཡུལ་གྲུ་གཉིས་ཀྱི་དྲག་པོའི་མི་སྣ་ཕན་ཚུན་གྲོས་མོལ་བྱུང་བ་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་པ་རེད།

XS
SM
MD
LG