ངོ་འཕྲད་བདེ་བའི་དྲ་འབྲེལ།

ཌོ་ནོལ་ཁྲ་རམ་དང་ཨ་རི་ཞི་བདེ་རྒྱ་མཚོའི་ཚོང་ལས་མཐུན་ཚོགས།


ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་ཡུ་ཊུབ་དྲ་རྒྱ་བརྒྱུད་དེ། ཁོང་གིས་ཨ་མི་རི་ཀའི་སྲིད་འཛིན་གྱི་ལས་ཁུར་བཞེས་པའི་ཉིན་དང་པོ་དེར་ཨ་མི་རི་ཀ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡོངས་ཀྱི་ཚོང་ལས་མཐུན་ཚོགས་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན། ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡོངས་ཀྱི་ཚོང་ལས་མཐུན་ཚོགས་ཨ་མི་རི་ཀར་བྱུས་ཉེས་ཆེན་པོ་ཞིག་གི་སྣ་འདྲེན་ལ་འགྱུར་སྲིད་པའི་ཉེན་ཀ་ཡོད། ང་ཚོས་དེའི་ཚབ་ཏུ་རྒྱལ་ཁབ་རེ་རེ་བཞིན་དྲང་སྙོམས་ཀྱི་ཚོང་ལས་གྲོས་མཐུན་བཞག་ནས་ཕྱི་རྒྱལ་ལ་ཤོར་པའི་ཨ་མི་རི་ཀའི་བཟོ་གྲྭ་ཁག་རང་ཡུལ་ལ་ཕྱིར་འགུགས་བྱ་དགོས་པ་དང་། ཨ་མི་རི་ཀའི་མི་དམངས་ལ་ལས་ཀ་གསར་པ་གོ་སྒྲིག་བྱ་ཐུབ་པ་ཞིག་བྱ་རྒྱུའི་འབད་བརྩོན་བྱ་དགོས་ཞེས་བཤད་འདུག

XS
SM
MD
LG