ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༠༦

ཨ་རིའི་གསར་འགོད་པ་ཞིག་གིས་ངོ་དེབ་བེད་སྤྱོད་བྱས་ཏེ་བོད་ནང་ནས་ཐད་གཏོང་།


ཨ་མི་རི་ཀའི་ཚགས་པར་ཆེ་གྲས་ཝ་ཤིང་ཀྲོན་པོསྜ་ཀྱི་པེ་ཅིང་དུ་ཡོད་པའི་གསར་འགྱུར་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་སཱ་ཡི་མྷོན་ ཌེན་ཡར་གྱིས་ གཟའ་འཁོར་འདིར་ བོད་ཀྱི་རྒྱལ་ས་ལྷ་སའི་རྩེ་ཕོ་བྲང་གི་མདུན་ནས་ སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཐད་གཏོང་བརྒྱུད་གནས་ཚུལ་རྒྱང་སྲིང་བྱས་ཡོད་པ་དེ་ནི་ ཉེ་བའི་ལོ་མང་པོའི་ནང་བྱུང་མྱོང་མེད་པའི་གནས་ཚུལ་ཞིག་ཡིན་ཞིང་ དེ་ཡང་ རྒྱ་ནག་གཞུང་གིས་ངོ་དེབ་མཚོན་པའི་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱའི་རིགས་ལ་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས་ ཨ་མི་རི་ཀའི་གསར་འགོད་པ་ཌེན་ཡར་གྱིས་དམ་དྲག་དེ་ཚོ་ལས་གཡོལ་རྒྱུའི་ཆེད་དུ་བཀོལ་ཆས་(VPN)བརྒྱུད་བེད་སྤྱོད་བྱས་ཏེ་རང་ཉིད་ལྷ་སར་བསྐྱོད་པའི་གནས་ཚུལ་རྣམས་ཕྷེ་སི་བྷུག་གམ་ ངོ་དེབ་བེད་སྤྱོད་བྱས་ཏེ་ཐད་ཀར་རྒྱང་སྲིང་བྱས་པ་མ་ཟད་ ད་དུང་གནས་ཚུལ་དེ་ཚོ་ལྟ་མཁན་རྣམས་ལ་སྐབས་ཕྲལ་སོ་སོར་དོགས་དྲི་བྱ་རྒྱུའི་གོ་སྐབས་ཀྱང་སྤྲད་པ་སོགས་བྱས་ཡོད་པ་རེད།

XS
SM
MD
LG