ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱིས་ཉེས་ཆད་སྣོན་མ།


ཉེ་ཆར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པ་དང་། ད་དུང་བར་སྣང་ཁམས་ལ་འཁོར་སྐར་བཏང་ནས་མེ་ཤུགས་འཕུར་མདའ་ཞིག་ལའང་ཚོད་ལྟ་བྱས་པས། ཨ་མི་རི་ཀ་དང་རྒྱ་ནག་གིས་དུས་ཡུན་ཟླ་བ་གཉིས་ལྷག་ལ་གྲོས་བསྡུར་བྱས་ཏེ། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་དང་ཨ་མི་རི་ཀ་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་སྣོན་མ་འགེལ་རྒྱུའི་གྲོས་མཐུན་བྱུང་ཡོད་ཅིང་། རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གྲོས་ཆོད་གསར་པ་དེར་བྱང་ཀོ་རི་ཡའི་གྲུ་གཟིངས་ཁག་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་མངའ་ཁོངས་སུ་འཛུལ་ཚེ། འབྲེལ་ཡོད་རྒྱལ་ཁབ་དེ་ཉིད་ཀྱིས་བྱང་ཀོ་རི་ཡའི་གྲུ་གཟིངས་དེར་སྔོག་བཤེར་བྱས་ནས་དངོས་ཟོག་ཅི་ཞིག་སྐྱེལ་འདྲེན་བྱེད་ཀྱི་ཡོད་མེད་བལྟ་དགོས་པ་དང་། ལྷག་པར་དུ་བྱང་ཀོ་རི་ཡའི་དམག་དོན་ལ་འགྲོ་གྲོན་གཏོང་སྤྱད་རྡོ་སོལ་དང་གསེར། དེ་མིན་གྱི་དངོས་ཟོག་རྣམས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རྩད་གཅོད་ཐུབ་ན་བྱང་ཀོ་རི་ཡའི་གྲུ་གཟིངས་དེ་དག་བཀག་འགོག་བྱ་དགོས་ཞེས་ཐག་གཅོད་བྱས་ཡོད་པ་རེད། །

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG