རྒྱ་གར་གྱིས་རྒྱ་ནག་དང་ཚོང་འབྲེལ་དོ་མི་མཉམ་པ་ཚད་མཐོར་སླེབས་པ་དེ་སེམས་བཅངས་བྱས་ཏེ། རྒྱ་ནག་ནས་ནང་འདྲེན་བྱ་རྒྱུའི་དངོས་ཟོག་ལ་སྒོ་ཁྲལ་རང་སོར་འཇོག་རྒྱུའི་དངོས་ཟོག་གི་ཐོ་གཞུང་ཞིག་ཟུར་འདོན་བྱེད་ཀྱི་ཡིན་ཞེས་བཤད་འདུག་པ་དང་། མངའ་ཁུལ་དཔལ་འབྱོར་ཁྱབ་ཆེའི་མཐུན་གྲོགས་ཞེས་པར་རྒྱ་གར་གྱིས་མཉམ་ཞུགས་བྱ་རྒྱུར་རྒྱ་ནག་གིས་ཨུ་ཚུགས་བྱེད་ཀྱི་ཡོད་ནའང་ད་བར་རྒྱ་གར་གྱིས་མོས་མཐུན་བྱེད་ཀྱི་མེད་པ་བཅས་ཀྱི་སྐོར་
སྔ་ལོ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་གསུང་ཆོས་གནང་བའི་དུས་སུ་རྡོ་རྗེ་གདན་གྱི་མཆོད་འགྲེམ་དེར་འབར་མདེལ་གཏོར་རྒོལ་བྱུང་བ་དང་འབར་མདེལ་ཁག་ཅིག་རྙེད་སོན་བྱུང་ཞིང་། ད་ལྟ་རྒྱ་གར་གྱི་འབྲེལ་ཡོད་མི་སྣ་ཚོས་གཏོར་རྒོལ་དེར་འབྲེལ་བ་ཡོད་པའི་མི་སྣ་དོགས་ཅན་ཞིག་འཛིན་བཟུང་བྱས་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན་ཧོང་ཀོང་དུ་སྐྱེས་པའི་ཨོ་གླིང་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ལེའོ་ཏང་ཨའོ་ཞེས་པ་ཞིག་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་སྡེ་ཚན་དང་འཐབ་ཕྱོགས་གཅིག་འགྱུར་ཁང་ལ་འབྲེལ་བ་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པའི་སྐོར།
བལ་ཡུལ་དང་རྒྱ་གར་གཉིས་ཟུང་འབྲེལ་གྱི་ཐོག་ཏུ་སྣུམ་འདྲེན་ལྕགས་སྦུག་ཅིག་ཞིག་འཐེན་ཡོད་པ་རེས་གཟའ་མིག་དམར་ཉིན་བལ་ཡུལ་གྱི་སྲིད་བློན་ཨོ་ལི་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ཀྱིས་སྒོ་འབྱེད་གནང་ཡོད་ཅིང་། རིང་ཚད་སྤྱི་ལེ་༦༩་ཡོད་པའི་ལྕགས་སྦུག་དེ་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་ས་ཁུལ་ཞིག་ནས་བལ་ཡུལ་གྱི་ཨམ་ལེག་གྷན་ཇི་ས་ཁུལ་བར་དུ་རྡོ་སྣུམ་སྐྱེལ་འདྲེན་བྱ་རྒྱུའི་ཆེད་དུ་བཙུགས་པ་ཞིག་ཡིན་པའི་སྐོར།
ཟླ་བ་འདིའི་ཟླ་མཇུག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་འཚོགས་པའི་སྐབས་སུ་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཐུག་འཕྲད་དང་རྒྱལ་ཁབ་གཉིས་ཀྱིས་ཚོང་དོན་གྲོས་མཐུན་ཞིག་འཇོག་རྒྱུ་དེར་དམིགས་ནས་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་ཚོས་བྲེལ་ཟིང་ཆེན་པོའི་སྒོ་ནས་གནད་དོན་མང་པོ་ཞིག་ལ་གྲོས་བསྡུར་གནང་གི་ཡོད་པའི་སྐོར།
ཨ་མི་རི་ཀའི་ཨཕྷ་གྷན་སྲིད་ཇུས།
བྱང་ཀོ་རི་ཡའི་གཞུང་གིས་ཕྱི་ཟླ་༩་པ་འདིའི་ཟླ་མཇུག་ཏུ་ཨ་མི་རི་ཀར་རྡུལ་ཕྲན་མཚོན་ཆའི་ལས་གཞི་མཚམས་འཇོག་གི་རྩོད་གཞིའི་ཐད་ལ་གྲོས་མོལ་བསྐྱར་དུ་འགོ་འཛུགས་བྱ་འདོད་ཡོད་ཅེས་གཟའ་ཟླ་བའི་ཕྱི་དྲོར་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པས་གསལ་བསྒྲགས་སྤེལ་ཡོད་པ་རེད། འདི་ནི་ཨ་རིའི་གཞུང་གིས་བྱང་ཀོ་རི་ཡར་བསྐྱར་དུ་གྲོས་མོལ་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་པའི་སྐབས་དེར་བྱུང་བ་ཞིག་ཡིན་མོད།
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༡༦་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་ཞུ་ཡིག་ཕུལ་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོ་འཛིན་བཟུང་དང་བཙོན་འཇུག བོད་དང་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་༤༢་པའི་ཐོག་ཏུ་གླེང་སློང་བྱ་དགོས།
ཕྱི་ཟླ་༩་ཚེས་༩་ཉིན་དབྱིན་ཇིའི་གྲོས་ཚོགས་ཀྱིས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་དེར་ཕྱོགས་གཉིས་ཀྱིས་གྲོས་མཐུན་ཞིག་བཞག་ནས་ཕྱིར་འཐེན་བྱ་དགོས། གལ་སྲིད་ཡུ་རོབ་མཉམ་འབྲེལ་དང་དབྱིན་ཇི་གཉིས་གྲོས་མཐུན་ཞིག་མ་བྱུང་ན་ཕྱི་ཟླ་༡༠་པའི་ཟླ་མཇུག་ཏུ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཕར་འགྱངས་གཏོང་དགོས་ཞེས་བཅའ་ཁྲིམས་ཤིག་གཏན་ལ་ཕབ།
རྒྱ་ནག་གི་མི་འབོར་ཁོངས་སུ་སྐྱེས་པ་མང་དྲགས་པ་དང་བུད་མེད་ཉུང་བའི་སྟབས་ཀྱིས་པ་ཀི་སི་ཐན་དང་དབུས་ཨེ་ཤི་ཡ། བལ་ཡུལ་དང་རྒྱ་གར་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བུད་མེད་རྣམས་རྒྱ་ནག་གི་སྐྱེས་པ་ཚོར་མནའ་མར་བཙོངས་ནས་ཚོང་ལས་ཤིག་དར་ཁྱབ་འགྲོ་བཞིན་ཡོད་ཅིང་།
མང་སྣོན།