དབྱིན་ཇིའི་སྲིད་བློན་གསར་པ་བྷོ་རི་སི་ཇཱོན་སན་གྱིས་རབ་བྱུང་ན་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱིས་གྲོས་མཐུན་ཞིག་བཞག་ནས་དབྱིན་ཇི་རྒྱལ་ཁབ་༢༨་ཀྱི་སྒྲིག་འཛུགས་དེའི་ཁོངས་ནས་ཕྱིར་འཐེན་བྱ་ཐུབ་རྒྱུའི་རེ་བ་ཡོད། གལ་སྲིད་གྲོས་མཐུན་ཞིག་མ་བྱུང་ན་དབྱིན་ཇི་གྲོས་མཐུན་མ་བྱུང་བར་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྩིས་ཡོད་ཅེས་བཤད་པས་ཕྱོགས་ཚང་མར་བློ་འཚབ་ཆེན་པོ་ཞིག་ཡོང་གི་ཡོད་པར་མ་ཟད།
ཨབ་གྷ་ཎི་སི་ཐན་གྱི་སྲིད་འཛིན་འོས་འདེམས་ཕྱི་ཟླ་༩་པའི་ཚེས་༢༨་ཉིན་བྱ་རྒྱུ་གཏན་ཁེལ་ཟིན་ཡོད་པ་ལྟར་འོས་བསྡུའི་ལས་འགུལ་ཁག་རེས་གཟའ་ཉི་མ་ནས་འགོ་ཚུགས་འཆར་ཡོད་ཅིང་། ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ནང་དུ་ཞི་བདེ་བརྟན་ལྷིང་མེད་པ་དང་སྲིད་འཛིན་འོས་མིའི་བདེ་འཇགས་ལ་དཀའ་ངལ་འཕྲད་སྲིད་པའི་སྟབས་ཀྱིས་འོས་བསྡུའི་ལས་འགུལ་ཁག་དུས་ཐོག་ཏུ་སྤེལ་ཐུབ་རྒྱུ་ཡིན་མིན་ལ་བློ་འཚབ་ཡོང་གི་ཡོད་པའི་སྐོར།
ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ནི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་གྲོགས་པོ་མཆོག་ཏུ་གྱུར་པ་དེར་གྱུར་ནས་པེ་ཅིང་དང་མོ་སི་ཀོའི་འབྲེལ་བ་སྔར་ལས་ཕྱོགས་གང་ཐད་དུ་ཡར་རྒྱས་འགྲོ་བཞིན་ཡོད་པས་ཨེ་ཤི་ཡའི་ཤར་ཕྱོགས་སུ་ཨ་མི་རི་ཀའི་ཤུགས་རྐྱེན་ཉམས་སྲིད་པའི་ཉེན་ཀ་ཆེ། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་ལ་མཚོན་ན་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་པ་ནི་མཐོང་འདོད་མེད་པའི་འགྱུར་ལྡོག་ཅིག་ཡིན།
ཨ་རི་དང་ཨི་སི་རལ་གྱི་གཞུང་འབྲེལ་མི་སྣ་ཚོས་རྒྱལ་ཁབ་གཉིས་མཉམ་འབྲེལ་ཐོག་ཏུ་བཟོ་སྐྲུན་བྱས་པའི་མེ་ཤུགས་ཕུར་མདེལ་འགོག་སྲུང་གི་མ་ལག་འཕུར་མདེལ་དེར་ཨ་རིའི་ཨ་ལ་སི་ཀ་མངའ་སྡེའི་ས་ཐོག་ཏུ་ཚོད་ལྟ་བྱས་པར་ལམ་ལྷོངས་བྱུང་སོང་ཞེས་བཤད་ཡོད་པའི་སྐོར།
ལྷོ་རྒྱ་ནག་རྒྱ་མཚོ་ནང་དུ་མངའ་ཁོངས་བདག་དབང་གི་རྩོད་གཞི་ཡོད་པ་དང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཧྥི་ལི་པིན་གྱི་ཁྲིམས་གཏུགས་བྱས་པ་དེར་བདེན་པ་འདུག་ཅེས་ཐག་གཅོད་བྱས་ནས་ལོ་གསུམ་འགྲོ་བཞིན་ཡོད་ཅིང་། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ཁང་དེའི་བཅད་ཁྲ་ལ་བརྩི་འཇོག་བྱ་རྒྱུའི་འདོད་པ་མེད་པའི་རྣམ་འགྱུར་གསལ་པོར་བསྟན་ཡོད་པར་མ་ཟད།
ཨ་མི་རི་ཀས་ཨེ་ཤི་ཡའི་མངའ་ཁུལ་དུ་བདེ་འཇགས་བརྟན་ལྷིང་མེད་པར་གཏོང་གི་འདུག་ཅེས་རྒྱ་ནག་གིས་སྐྱོན་འཛུགས་བྱས་ཡོད་ཅིང་། རྒྱ་ནག་གིས་ཨུ་རུ་སུ་ལ་དམག་དོན་འབྲེལ་བ་དམ་ཟབ་འཛིན་རྒྱུའི་ཁས་ལེན་བྱས་ཡོད་པ་བཅས་ཀྱི་སྐོར།
ཁ་སང་དབྱིན་ཇིའི་རྙིང་ཞེན་གཞུང་འཛིན་ཚོགས་པས་བྷོ་རི་སི་ཇཱོན་སན་སྲིད་བློན་ལ་འོས་འདེམས་བྱུང་། སྤྱི་ཚེས་༢༤་ཉིན་ཇཱོན་སན་གྱིས་དངོས་སུ་དབྱིན་ཇིིའི་སྲིད་བློན་གྱི་ལས་ཁུར་བཞེས། ཁོ་པ་ཨ་རིའི་ནེའུ་ཡོག་ཏུ་གྲོང་ཁྱེར་དུ་སྐྱེས་ཤིང་། དབྱིན་ཇིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་རྩོམ་པ་པོ་དང་གསར་འགོད་པའི་ཕྱག་ལས་གནང་མྱོང་མཁན་གྱི་ཆབ་སྲིད་པ་ཞིག་ཡིན་པ་སྟེ།
ཧོང་ཀོང་མི་མང་གི་ངོ་རྒོལ་ལས་འགུལ།
ཉེ་དུས་ཤིག་ནས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འབྲེལ་བ་སྡུག་ཏུ་སོང་སྟེ་བྱང་ཀོ་རི་ཡ་དང་རྒྱ་ནག ཨུ་རུ་སུ་བཅས་ཀྱི་ཨེ་ཤེ་ཡའི་ཨ་མི་རི་ཀའི་མཐུན་གྲོགས་གཙོ་བོ་གཉིས་ལ་འགལ་ཟླ་བྱུང་བའི་གོ་སྐབས་བཟུང་སྟེ་ལྷོ་ཀོ་རི་ཡའི་མཁའ་དབྱིངས་སུ་སིམ་འཛུལ་བྱ་རྒྱུ་ཇེ་མང་དུ་བཏང་ཞིང་། ལྷོ་ཀོ་རི་ཡའི་དམག་གིས་མེ་མདེལ་༣༥༠་ལྷག་བརྒྱབ་ནས་ཨུ་རུ་སུའི་རེ་ཌར་འཁྱེར་པའི་དམག་གི་མྱུལ་ཞིབ་གནམ་གྲུ་ཞིག་ལྷོ་ཀོ་རི་ཡའི་མཁའ་དབྱིངས་སུ་སིམ་འཛུལ་ཐེངས་གཉིས་བྱས་པར་ཉེན་བརྡ་དྲག་པོ་བཏང་འདུག
བྷོ་རི་སི་ཇཱོན་སན་དབྱིང་ཇིའི་སྲིད་བློན་ལ་འདེམས་ཐོན་བྱུང་བར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་དང་ཆབས་ཅིག དབྱིན་ཇིའི་སྲིད་བློན་གསར་པ་མཛད་འཕྲིན་རྒྱས་པའི་རྟེན་འབྲེལ་ཡོད་ཅེས་ཞུས་ཡོད་པའི་སྐོར།
མང་སྣོན།