རྒྱ་གར་བདེ་སྲུང་བློན་ཆེན་ཟུར་པའི་སྐུ་ཕུང་ཞུགས་འབུལ།
༄༅།། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཕྱི་ལོ་༢༠༡༨་རྗོགས་མཚམས་ལ་སྟབས་བསྟུན་ནས་ལྷོ་ཀོ་རི་ཡའི་འགོ་ཁྲིད་མུན་ཅེ་དབྱིན་ལ་ཧ་ཅང་གི་འཆམ་མཐུན་དང་མཛའ་བརྩེའི་རྣམ་པ་མཚོན་པའི་གནས་འཕྲིན་ཞིག་བཏང་སྟེ། འབྱུང་འགྱུར་གྱི་༢༠༡༩་ལོ་དེར་ཀིམ་ཇུང་ཨུན་ལྷོ་ཀོ་རི་ཡར་འཚམས་འདྲི་ཡོང་འདོད་ཡོད་ཅེས་འཁོད་པའི་སྐོར།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་༤༠་ལྷག་མཉམ་འབྲེལ་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་ཞུ་སྐུལ་གྱི་སྙན་ཞུ་ཞིག་ཕུལ་ནས་རིང་མིན་འཚོགས་འཆར་ཡོད་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་དུས་སུ་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་། ལྷག་པར་དུ་བོད་དང་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་གདལ་བཤིག་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད་པར་ངོ་རྒོལ་གྱི་གྲོས་ཆོད་གཅིག་ངེས་པར་དུ་འཇོག་དགོས་
ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཝེ་ནེ་ཛུ་ལའི་སྲིད་འཛིན་མ་དྷུ་རོའི་སྲིད་ཞིག་དང་ཕྱོགས་འགལ་ཚོགས་པས་བསྐོ་བཞག་བྱས་པའི་བར་བརྒལ་སྲིད་འཛིན་གཅིག་བཅས་རྒྱལ་ཁབ་གཅིག་ལ་སྲིད་གཞུང་གཉིས་ཡོད་པ་སོགས་ཀྱིས་ཆབ་སྲིད་བརྟན་ལྷིང་མེད་ཅིང་།
ཡུ་རོབ་མཉམ་འབྲེལ་གྱི་བརྡ་འཕྲིན་ལས་དོན་སྤྱི་ཁྱབ་ཀྱིས་རྒྱ་ནག་གི་ཧྭ་ཝེ་འཕྲུལ་རིག་བཟོ་ཚོང་ཁང་གིས་རྒྱལ་ཁབ་གཞན་པའི་སྤྱི་དམངས་སྒེར་གྱི་གསང་བའི་གནས་ཚུལ་རྣམས་བསྡུ་རུབ་བྱས་ནས་རྒྱ་ནག་གཞུང་ལ་སྤྲོད་ཀྱི་ཡོད་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། དེ་ལྟར་བློ་འཚབ་བྱེད་མཁན་ནི་ཡུ་རོབ་མཉམ་འབྲེལ་གཅིག་པུ་མ་ཡིན་པར་ནུབ་ཕྱོགས་ཡུལ་གྲུ་ཁག་གི་སྲིད་གཞུང་གཞན་པ་མང་པོ་ཞིག་ཡོད་པ་རེད། དེར་བརྟེན་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གི་བཟོ་ཚོང་ཁང་དེར་དམ་དྲག་ཆེ་རུ་གཏོང་རྒྱུའི་འཆར་གཞི
༄༅།། ཨ་མི་རི་ཀས་ཡུ་རོབ་གླིང་ལ་ཨུ་རུ་སུ་དང་རྒྱ་ནག་གི་ཤུགས་རྐྱེན་དར་ཁྱབ་འགྲོ་བཞིན་ཡོད་པ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་འགོག་ཐབས་བྱ་དགོས་ཞེས་ཧང་གྷ་རི་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། ཧང་གྷ་རིའི་སྲིད་ཨོར་བྷན་གྱིས་ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཚོར་ང་ཚོ་ཧང་གྷ་རི་རྒྱལ་ཁབ་ནི་ཨོ་སི་ཊི་རི་ཡ་ལྟར་བར་གནས་བྱ་འདོད་ཡོད།
ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཝྭེ་ནེ་ཛུ་ལའི་སྲིད་འཛིན་མ་དྷུ་རོ་ལ་ཨ་མི་རི་ཀས་ངོས་ལེན་མ་བྱས་པར་རྒྱལ་ཁབ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཝྭེ་ནེ་ཛུ་ལའི་ཁྲིམས་མཐུན་གྱི་བར་རྒལ་སྲིད་འཛིན་ལ་ངོས་ལེན་བྱས་ཡོད་ཅིང་། དེར་བརྟེན་རྒྱ་ནག་དང་ཏུར་ཀི་རྒྱལ་ཁབ། ཨུ་རུ་སུ་གསུམ་གྱིས་ཨ་རིའི་ཐག་གཅོད་ལ་ངོ་རྒོལ་གྱིས་རྒྱལ་ཁབ་གང་ཞིག་གིས་ཝྭེ་ནེ་ཛུ་ལའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ནི་རྒྱལ་སྤྱིའི་ཁྲིམས་ལ་འགལ་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད་པའི་སྐོར།
༄༅།། ཨུ་རུ་སུ་དང་རྒྱ་ནག་སོགས་ཀྱིས་ལྷོ་ཕྱོགས་ཨ་མི་རི་ཀའི་རྒྱལ་ཁབ་ཝྭེ་ནེ་ཛུ་ལའི་སྲིད་འཛིན་མ་དྷུ་རོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་ཨ་རི་དང་ཨ་རིའི་ཕྱོགས་གཏོགས་རྒྱལ་ཁབ་ཁག་གིས་སྲིད་འཛིན་མ་དྷུ་རོ་ལ་ངོས་ལེན་མེད། རྒྱལ་ཁབ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཁྲིམས་མཐུན་གྱི་བར་བརྒལ་སྲིད་འཛིན་ཡིན་པའི་ངོས་ལེན་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པའི་སྐོར།
འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཚོགས་འདུ།
དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ནས་ཕྱིར་འཐེན།
མང་སྣོན།