༄༅།། ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཕྱིའི་ཤུགས་རྐྱེན་སླེབས་རྒྱུའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པར་འཐབ་རྒོལ་བྱེད་པའི་ཆེད་དུ་ཨོ་གླིང་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་གསང་ཉུལ་ལ་གདོང་ལེན་བྱེད་པར་ལས་དོན་རུ་ཁག་ཅིག་གསར་འཛུགས་བྱས་ཡོད་པའི་སྐོར།
དེ་རིང་གཟའ་མིག་དམར་གྱི་ཉིན་མོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཙོས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་ཀྱི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ལྷན་འཛོམས་ཀྱིས་སྒྲིག་འཛུགས་དེ་བཙུགས་ནས་ལོ་༧༠་འཁོར་བའི་དུས་དྲན་ལ་ཉིན་གཉིས་ཀྱི་ལྷན་ཚོགས་ཤིག་འཚོགས་བཞིན་ཡོད་པ་རེད།
༄༅། སིངྒ་ལའི་སྲིད་འཛིན་གསར་པ་ར་ཛ་པཀ་ས་རྒྱ་གར་ལ་འཚམས་གཟིགས་སུ་ཕེབས་པ་དུས་མཚུངས། ཁོང་གིས་སིངྒེ་ལ་དང་རྒྱ་ནག་གི་འབྲེལ་བ་ནི་གནད་འགག་ཆུང་བ་ཞིག་ཡིན་པ་རྒྱ་གར་ལ་གསལ་སྟོན་བྱས་ཡོད་པའི་སྐོར།
འདི་ཟླའི་ཚེས་༢་ནས་ཚེས་༡༣་བར་དུ་སི་པེན་གྱི་རྒྱལ་ས་མཱེ་ཌི་རི་ཌེ་གྲོང་ཁྱེར་དུ་རྒྱལ་ཁབ་༢༠༠ ཙམ་ཞིག་གི་སྐུ་ཚབ་རྣམས་ལྷན་འཛོམས་ཀྱིས་ད་ལོའི་ཚོགས་ཆེན་ཐོག་ཏུ་སའི་གོ་ལའི་ཚ་དྲོད་རྒྱས་ཀྱི་ཡོད་པ་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་འགོག་ཐབས་ཀྱི་ལས་འཆར་ཞིག་ངེས་པར་དུ་སྤེལ་ཐུབ་རྒྱུའི་དམིགས་ཡུལ་ཞིག་འཛིན་གྱི་ཡོད་པའི་སྐོར།
༄༅།། ཨི་རན་དང་རྒྱ་ནག ཨུ་རུ་སུ་བཅས་ཀྱིས་རྒྱ་གར་རྒྱ་མཚོའི་ནང་དུ་ཐེངས་དང་པོར་མཉམ་འབྲེལ་དམག་སྦྱོང་བརྡར་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཅིང་། དམག་སྦྱོང་དེའི་དམིགས་ཡུལ་ནི་ནུབ་ཕྱོགས་ལ་དམིགས་པ་ཞིག་དང་། ལྷག་པར་དུ་གོང་འཁོད་རྒྱལ་ཁབ་གསུམ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་ཞེས་ཨ་མི་རི་ཀར་སྟོན་ཐབས་ཤིག་ཡིན་མོད། འོན་ཀྱང་དབྱེ་ཞིབ་པ་ཚོས་ཨི་རན་གྱིས་རྒྱན་པོ་རྩེད་སྟངས་དེ་ཡག་པོ་ཞིག་རྩེད་ཀྱི་མེད་པའི་གསལ་སྟོན་བྱས་ཡོད་པའི་སྐོར།
འབར་མའི་གཞུང་གིས་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ཤིག་ལག་བསྟར་བྱས་སོང་ཞེས་གྷམ་བྷི་ཡའི་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ཞུ་གཏུགས་བྱས་པར་འབར་མའི་དབུ་ཁྲིད་ཨང་སན་སུ་ཅཱིས་རྒྱལ་སྤྱིའི་ཁྲིམས་ཁང་ལ་གདོང་ལེན་གནང་རྒྱུའི་ཞལ་བཞེས་གནང་ཡོད་པའི་སྐོར།
ཡུ་རོབ་མཉམ་འབྲེལ་གྱི་དཔོན་རིགས་གསར་པ་ཚོས་རྒྱ་ནག་གི་ཁ་སྟོང་པའི་ཁས་ལེན་དམ་བཅའ་དེ་ཚོར་ཡིད་ཆེས་བློ་འགེལ་མ་བྱས་པར་རྒྱལ་སྤྱིའི་ཐོག་ཏུ་ཤུགས་རྐྱེན་ཤུགས་ཆེ་རུ་གཏོང་གི་ཡོད་པའི་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུ་གལ་ཆེན་པོ་ཡིན་ཞེས་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་འབྲེལ་ཐབས་བྱུས་མི་སྣ་ཟུར་པ་ཞིག་གིས་ནན་བརྗོད་བྱས་ཡོད་པའི་སྐོར།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཀྱིས་ཧོང་ཀོང་གི་ཉེན་རྟོག་པས་དམངས་གཙོ་དོན་གཉེར་གྱི་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོར་གནོན་སྡོམ་བྱ་རྒྱུར་དྲག་ཤུགས་ཚད་ལས་བརྒལ་བ་ཞིག་བཀོལ་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་པར་ཧོང་ཀོང་གཞུང་གིས་ཞིབ་དཔྱོད་ངེས་པར་དུ་བྱ་དགོས་པར་མ་ཟད། ངོ་རྒོལ་བྱེད་མཁན་མང་ཚོགས་ལ་དོན་ཕན་ལྡན་པའི་གྲོས་མོལ་བྱས་ཏེ་དཀའ་ངལ་རྣམས་སེལ་ཐབས་བྱ་དགོས་ཞེས་དགོངས་འཆར་གསུངས་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པའི་སྐོར།
རྒྱལ་སྤྱིའི་གསར་འགྱུར། ༢༠༡༩ ཟླ་ ༡༡ ཚེས་༢༩
རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གཞོན་པ་ཤྲི་པ་ནེཀ་གིས་གཟའ་ལྷག་པའི་ཉིན་རྒྱལ་ཡོངས་གྲོས་ཚོགས་ལ་༢༠༡༦་ནས་༢༠༡༨་བར་དུ་རྒྱ་ནག་གི་མཐའ་མཚམས་སྲུང་དམག་རྣམས་རྒྱ་གར་གྱི་ས་ཐོག་ཏུ་འཛུལ་ཞུགས་ཐེངས་༡༠༢༥་བྱས་སོང་ཞེས་སྙན་སེང་ཞུས་ཡོད་པའི་སྐོར།
ཨོ་གླིང་རྒྱལ་ཁབ་ལ་སྐྱབས་བཅོལ་ཞུས་པའི་རྒྱ་ནག་གི་གསང་བའི་མི་སྣ་ཟུར་པ་ཞིག་གིས་རྒྱ་ནག་གི་གསང་བའི་མི་སྣ་ཁག་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་ཡོད་ཡོད་པའི་གནས་སྟངས་ནི་ཧ་ཅང་གི་ཚབས་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། ལྷག་པར་དུ་རྒྱ་ནག་གི་གསང་བའི་མི་སྣ་ཚོས་ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཐུབ་པའི་ལས་འགུལ་སྤེལ་གྱི་འདུག་ཅེས་ཐེར་འདོན་བྱས་པར་ཨོ་གླིང་རྒྱལ་ཁབ་ཀྱི་ཉེན་རྟོག་པས་དངོས་སུ་ཞིབ་འཇུག་བྱེད་འགོ་ཚུགས་ཡོད་པ་སོགས་ཀྱི་སྐོར།
མང་སྣོན།