ལོ་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་འགྱུར་ལྡོག་གི་ཚོགས་ཆེན་དེ་སྤྱི་ཟླ་༡༢་པའི་ཚེས་༢་ནས་ཚེས་༡༣་བར་དུ་སི་པེན་གྱི་རྒྱལ་ས་མཱེ་ཌི་རི་ཌེ་གྲོང་ཁྱེར་དུ་འཚོགས་འཆར་ཡོད་ཅིང་། ཚོགས་ཆེན་འདི་མ་ཚོགས་པའི་སྔོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་ཨིན་གྷིར་ཨན་བྷིར་སིན་གྱིས་གཟའ་མིག་དམར་ཉིན་དྲོད་ཁང་གི་རླངས་རྫས་ཕྱི་ལ་ཁྱབ་ནས་གནོད་འཚེ་འབྱུང་གི་ཡོད་པ་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་གང་མགྱོགས་ཉུང་དུ་གཏོང་དགོས་ཞེས་འབོད་སྐུལ་ཞུས་འདུག
རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ཀྱི་གྲོས་ཚོགས་སུ་རྒྱ་ནག་གི་འདོད་དོན་སྒྲུབ་མཁན་འོས་མི་ཞིག་ཆེད་འཛུགས་བྱེད་ཐུབ་པའི་འབད་བརྩོན་བྱས་པ་རེད་ཅེས་ཨོ་གླིང་གཞུང་གི་གསང་བའི་ཁང་གི་ལས་སྣེ་ཞིག་གིས་གསལ་སྟོན་བྱས་ཡོད་པའི་སྐོར།
ལ་དྭགས་ཀྱི་གཞོན་ནུ་ཚོགས་པ་གཙོ་བོར་གྱུར་པའི་སྲིད་དོན་ཚོགས་པ་ཁག་དང་མི་མང་ལས་འགུལ་བ་མང་པོ་ཞིག་གིས་མངའ་ཁུལ་དེ་འཇའ་མུ་དང་ཀ་ཤི་མིར་མངའ་སྡེའི་འོག་ནས་ལོགས་སུ་འཐོན་དགོས། ལ་དྭགས་ལ་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་གྱི་གནས་བབ་སྤྲོད་དགོས་ཞེས་ལོ་མང་རིང་འཐབ་རྩོད་བྱས་ཡོད་ཅིང་།
ཞི་བདེའི་རྒྱ་མཚོའི་ནང་དུ་ཆགས་པའི་མཚོ་གླིང་རྒྱལ་ཁབ་ཐུ་ཝྭ་ལུའི་གཞུང་གིས་རྒྱ་ནག་གི་དཔལ་འབྱོར་རོགས་རམ་གྱི་འཆར་གཞི་ཁག་ལ་མོས་མཐུན་མ་བྱས་པ་དང་། འདི་ནི་རྒྱ་ནག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་རོགས་རམ་སྤྲད་ནས་རྒྱལ་ཁབ་དེ་དག་རྒྱ་ནག་གི་ཕྱོགས་སུ་འགུགས་ཐབས་བྱེད་བཞིན་པར་འགག་རྐྱེན་འཕྲད་པའི་གནས་ཚུལ་ཞིག་ཡིན་ཞིང་།
རྒྱལ་སྤྱིའི་གསར་འགྱུར། ༢༠༡༩ ཟླ་ ༡༡ ཚེས་༢༢
ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་སྲིད་དོན་པ་ཞིག་གིས་ང་ཚོས་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་དམག་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པའི་ཁུངས་སུ་ཐེ་ཝན་ཡང་འཇུག་དགོས། འཇར་མན་ཎིའི་དམག་དང་ཐེ་ཝན་གྱི་དམག་གིས་མཉམ་འབྲེལ་དམག་སྦྱོང་བྱེད་ཐུབ་པའི་གོ་སྐབས་སྤྲོད་དགོས།
ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ལ་གྲ་སྒྲིག་བྱེད་ཀྱི་ཡོད་ཀྱང་སྒྲིག་འཛུགས་དེའི་ནང་ཁུལ་དུ་འགལ་ཟླ་ཆེན་པོ་ཞིག་ཡོད་ཅིང་། ཉེ་སྔོན་ཧྥ་རན་སིའི་སྲིད་འཛིན་གྱིས་ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་སྔར་བཞིན་འགོ་ཁྲིད་མི་བྱེད་པར་ནུབ་ཕྱོགས་ཀྱི་དམག་དོན་སྒྲིག་འཛུགས་དེར་འགོ་ཁྲིད་མེད་པར་ནུས་པ་ཉམས་ཀྱི་འདུག
འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ས་གནས་གང་སར་མངའ་ཁོངས་རྒྱ་སྐྱེད་དང་འཐབ་ཇུས་ཀྱི་འགྲན་བསྡུར་བྱེད་བཞིན་པའི་སྐབས་འདིར་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མཐུན་ཚོགས་དེའི་རྩ་འཛིན་ཁག་ཕྱོགས་ལྷུང་མེད་པར་རྒྱུན་འཁྱོངས་བྱ་དགོས་ཞེས་ཝྭི་ཏེ་ནམ་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཐེ་ལན་ཌའི་རྒྱལ་ས་བྷན་ཁོག་ཏུ་ཚོགས་པའི་ལྷོ་ཤར་ཨེ་ཤི་ཡ་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག
སེངྒེ་ཁ་འབབ་ཀྱི་གཡས་གཡོན་དུ་བྲག་རྡོ་མང་པོ་ཞིག་གི་སྟེང་དུ་གནའ་སྔ་མོ་ནས་རྡོ་བརྐོས་བརྒྱབ་པའི་ནང་པའི་སྔགས་ཡིག་དང་། རི་མོ་སོགས་བྲིས་ཡོད་པའི་གནའ་རྫས་ཁག་ལ་བདག་པོ་མེད་པར་ཉམས་ཆག་འགྲོ་བཞིན་ཡོད་ཅིང་།
རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་ནང་དུ་ཆགས་པའི་ཁྱིམ་ཚེས་ཡུལ་གྲུ་སིངྒ་ལའི་སྲིད་འཛིན་འོས་འདེམས་བྱས་ནས་རྒྱལ་སྲུང་བློན་ཆེན་ཟུར་པ་གྷོ་ཏ་བྷ་ཡ་ར་ཇ་པག་ས་རྒྱལ་ཁབ་དེའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་ཞིང་། ཁོང་གིས་རྒྱལ་ནང་མི་མང་རྣམས་ཆིག་སྒྲིལ་གྱིས་མདུན་སྐྱོད་བྱ་རྒྱུ་དགོས་ཞེས་གསུངས་ཡོད་པ་ལྟར་རྒྱལ་ནང་གི་མི་དམངས་རྣམས་ཀྱང་སྲིད་འཛིན་གསར་པའི་འཛིན་སྐྱོང་འོག་ཏུ་ཤར་སྐྱོད་བྱ་རྒྱུ་དང་།
བལ་ཡུལ་གྱི་སྲིད་བློན་ཤཱར་མ་ཨོ་ལིས་རྒྱ་གར་ལ་ཀལ་པ་ཎི་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱ་དགོས། བལ་ཡུལ་གཞུང་ལ་རང་གི་ས་མཚམས་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་ཡོད། ང་ཚོས་རྒྱལ་ཁབ་སུ་ཞིག་ལའང་བལ་ཡུལ་གྱི་ས་ཆ་སོར་གང་ཡང་ཧམ་ཟ་བྱེད་དུ་འཇུག་རྒྱུ་མིན། བལ་ཡུལ་གྱི་མངའ་ཁོངས་གཞན་གྱིས་ཧམ་ཟ་བྱས་པ་རྣམས་ང་ཚོས་ཕྱིར་ལེན་བྱ་རྒྱུ་ཡིནཞེས་རྒྱལ་ཡོངས་གཞོན་ནུའི་སྒྲིག་འཛུགས་ལ་གཏམ་བཤད་བྱས།
རྒྱལ་སྤྱིའི་གསར་འགྱུར། ༢༠༡༩ ཟླ་ ༡༡ ཚེས་༡༥
མང་སྣོན།