ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཝྭེ་ནེ་ཛུ་ལའི་སྲིད་འཛིན་མ་དྷུ་རོ་ལ་ཨ་མི་རི་ཀས་ངོས་ལེན་མ་བྱས་པར་རྒྱལ་ཁབ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཝྭེ་ནེ་ཛུ་ལའི་ཁྲིམས་མཐུན་གྱི་བར་རྒལ་སྲིད་འཛིན་ལ་ངོས་ལེན་བྱས་ཡོད་ཅིང་། དེར་བརྟེན་རྒྱ་ནག་དང་ཏུར་ཀི་རྒྱལ་ཁབ། ཨུ་རུ་སུ་གསུམ་གྱིས་ཨ་རིའི་ཐག་གཅོད་ལ་ངོ་རྒོལ་གྱིས་རྒྱལ་ཁབ་གང་ཞིག་གིས་ཝྭེ་ནེ་ཛུ་ལའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ནི་རྒྱལ་སྤྱིའི་ཁྲིམས་ལ་འགལ་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད་པའི་སྐོར།
༄༅།། ཨུ་རུ་སུ་དང་རྒྱ་ནག་སོགས་ཀྱིས་ལྷོ་ཕྱོགས་ཨ་མི་རི་ཀའི་རྒྱལ་ཁབ་ཝྭེ་ནེ་ཛུ་ལའི་སྲིད་འཛིན་མ་དྷུ་རོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་ཨ་རི་དང་ཨ་རིའི་ཕྱོགས་གཏོགས་རྒྱལ་ཁབ་ཁག་གིས་སྲིད་འཛིན་མ་དྷུ་རོ་ལ་ངོས་ལེན་མེད། རྒྱལ་ཁབ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཁྲིམས་མཐུན་གྱི་བར་བརྒལ་སྲིད་འཛིན་ཡིན་པའི་ངོས་ལེན་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པའི་སྐོར།
འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཚོགས་འདུ།
དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ནས་ཕྱིར་འཐེན།
ལོ་གཉིས་ཀྱི་གོང་དེར་དབྱིན་ཇིའི་མི་དམངས་ཀྱིས་མང་མོས་འོས་འདེམས་བྱས་ནས་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་དབྱིན་ཡུལ་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱི་འབྲེལ་བ་ཇི་ལྟར་འཛིན་དགོས་མིན་ལ་སྲིད་བློན་ཊེ་རི་ས་མཱེ་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཀྱང་གྲོས་མཐུན་དེར་དབྱིན་ཇིའི་གྲོས་ཚོགས་ཀྱི་རྒྱབ་སྐྱོར་མ་ཐོབ།
ཟླ་བ་རྗེས་མར་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་ཞིག་བྱ་འཆར་ཡོད་པའི་སྐབས་འདིར་རྒྱལ་སྤྱིའི་ཐབས་བྱུས་ཉམས་ཞིབ་ཁང་གིས་གསར་དུ་གནས་ཚུལ་སྤེལ་བར་གཞིགས་ན་བྱང་ཀོ་རི་ཡས་ཕྱིར་བསྒྲགས་གཏན་ནས་མ་བྱས་པའི་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་ཁག་༢༠་ཙམ་ཡོད་པའི་སྐོར།
གླིང་ཆེན་ཨ་ཧྥི་རི་ཀའི་དབང་འཛིན་པ་ཚོས་བདུན་ཕྲག་སྔོན་མའི་རེས་གཟའ་མིག་དམར་ཉིན་རྒྱལ་ས་ནེ་རོ་བྷིར་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་བྱས་པར་འབྲེལ་བ་ཡོད་པའི་མི་གཞན་པ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ཅིང་། ཁེ་ཎི་ཡའི་མཐོ་རིམ་དཔོན་རིགས་ཚོས་ཕྱིས་འབྱུང་གི་གཏོར་རྒོལ་ཁག་སྔོན་འགོག་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་པ་སོགས་ཀྱི་སྐོར།
ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ཕྱི་ཟླ་༢་པར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཝྭི་ཏེ་ནམ་གྱི་ས་ཐོག་ཏུ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་གླེང་སློང་བྱེད་ཀྱི་ཡོད་པའི་སྐོར།
གྷི་གྷལ་ཚོང་ལས་ཁང་གིས་རྒྱ་ནག་དང་མཉམ་དུ་དྲ་ཐོག་འཚོལ་ཞིབ་མ་ལག་ཅིག་བཟོ་རྒྱུའི་ལས་འཆར་ཐད་ད་ཆ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་དང་། ཆབ་སྲིད་ཀྱི་འགོ་ཁྲིད་མང་པོས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་སྐབས་འདིར། དེ་རིང་བོད་མི་ཚོས་རྒྱ་གར་ཧཱ་རེ་ཡ་ནཱ་མངའ་སྡེའི་ནང་དུ་རྟེན་གཞི་བྱས་པའི་གྷུ་གྷལ་གྱི་ཡན་ལག་ལས་ཁུངས་སུ་འཚོལ་ཞིབ་མ་ལག་དེ་མཚམས་འཇོག་དགོས་པའི་ཞུ་འབོད་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་༢༠༡༩འི་སྙན་ཐོ།
༄༅།། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ཆེས་མཐོའི་ལྷན་ཚོགས་ཐེངས་གཉིས་པ་ཞིག་བྱ་འཆར་ཡོད་པའི་གནས་ཚུལ་མང་པོ་ཞིག་ཐོན་བཞིན་ཡོད་ཅིང་། ད་ལྟ་བྱང་ཀོ་རི་ཡའི་གནད་ཡོད་་ཕྱི་འབྲེལ་མི་སྣ་ཞིག་གཟའ་མིག་དམར་ཉིན་ཡུ་རོབ་རྒྱལ་ཁབ་སུད་ཌེན་ལ་བསྐྱོད་པར་མ་ཟད། བྱང་ཀོ་རི་ཡའི་ཕྱོགས་ནས་ཨ་མི་རི་ཀ་དང་གྲོས་མོལ་བྱེད་མཁན་གཙོ་བོ་ཀིམ་ཡུང་ཆོལ་གཟའ་འཁོར་འདིར་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འཆར་ཡོད་པའི་གནས་ཚུལ་ཐོན་གྱི་ཡོད་པའི་སྐོར།
མང་སྣོན།