དེང་སྐབས་པ་ཀི་སི་ཐན་གྱི་དཔལ་འབྱོར་ཉམས་རྒུད་དང་རྒྱལ་སྤྱིའི་ཐོག་ཏུ་མཐུན་གྲོགས་རྒྱལ་ཁབ་ཉུང་དུ་འགྲོ་བཞིན་པ་བཅས་ཀྱིས་པ་ཀི་སི་ཐན་གྱི་དམག་སྤྱི་ཆེན་མོས་ཕྱིར་བསྒྲགས་མེད་པར་ཁྱིམ་ཚེས་རྒྱལ་ཁབ་རྒྱ་གར་གྱི་སྤྱི་ཁྱབ་དམག་ཆེན་མོར་འབྲེལ་བ་བཙུགས་ཏེ་ལྷོ་ཨེ་ཤི་ཡའི་ཁྱིམ་མཚེས་ཡུལ་གྲུ་གཉིས་ཀྱི་ཞི་བའི་གྲོས་མོལ་བསྐྱར་གསོ་ཐུབ་པའི་འབད་བརྩོན་ཞིག་བྱས་ཀྱང་རྒྱ་གར་གྱིས་དེ་ལ་གཅིག་མཚུངས་ཀྱི་ལན་འདེབས་ཤིག་བྱས་མེད་པའི་སྐོར།
ན་ནིང་ཕྱི་ཟླ་༡༢་པའི་ནང་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཝ་ལོན་དང་ཁིའོ་སོ་ཨོ་གཉིས་ཡན་གུང་གྲོང་ཁྱེར་གྱི་ཟ་ཁང་ཞིག་ཏུ་འབར་མའི་ཉེན་རྟོག་པ་གཉིས་ལ་ཐུག་འཕྲད་དུ་བསྐྱོད། ཉེན་རྟོག་པ་དེ་དག་གིས་གསར་འགོད་པ་ཝ་ལོན་དང་ཁིའོ་སོ་ཨོ་གཉིས་ལ་ཡིག་ཆ་མང་པོ་ཞིག་སྤྲད་ཡོད་པས་འབར་མའི་གཞུང་གིས་༡༩༢༣་ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ལ་སྲུང་སྐྱོབ་བྱ་དགོས་པའི་བཅའ་ཁྲིམས་ལྟར་གསར་འགོད་པ་དེ་དག་འཛིན་བཟུང་བྱས་འདུག
བྱང་ཀོ་རི་ཡའི་ཐད་ཨ་རིས་རྒྱ་ནག་ལ་སྐྱོན་བརྗོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་གྱིས་སྔ་ལོ་འབར་མའི་གཞུང་གིས་རྒྱལ་ཁབ་དེའི་རོ་ཧིན་གྷ་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་རང་ཁྱིམ་ནས་ཕྱིར་ཕུད་བཏང་སྟེ་མི་གསོད་ཁྲོག་སྦྱོར་དང་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་བ་དང་། ཡིན་ནའང་སྐབས་དེར་འབར་མའི་འགོ་ཁྲིད་ཨང་སན་སུ་ཇིས་ཅི་ཡང་མ་བཤད་པར་འབར་མའི་དམག་ལ་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལར་མཐར་སྐྲོད་གཏོང་དུ་བཅུག་ཅིང་།
ཡེ་ཤུའི་བླ་ཆེན་མཆོག་ཨར་ལན་ཌེ་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་པ་དང་། དེ་རིང་གཟའ་ལྷག་པའི་ཉིན་བླ་ཆེན་མཆོག་གིས་གདས་ས་ཆེན་མོ་ཝྭེ་ཊི་ཁན་དུ་མང་ཚོགས་ལ་གསུང་བཤད་གནང་བའི་སྐབས་སུ་ཨ་མི་རི་ཀའི་ཡེ་ཤུའི་ཆོས་དཔོན་ཟུར་པ་མཱེཀ་ཁེ་རིཀ་གིས་ཡེ་ཤུའི་སློབ་མ་ན་གཞོན་ཚོར་འཁྲིག་སྤྱོད་བྱས་པའི་གནད་དོན་ཁག་བླ་ཆེན་མཆོག་གང་ཉིད་ཀྱིས་སྦས་སྐུང་གནང་དགོས་ཐུག་པར་ཐུགས་འགྱོད་ཡོང་གི་འདུག་ཅེས་གསུངས་ཡོད་པ་སོགས་ཀྱི་སྐོར།
ཟླ་བ་རྗེས་མར་ཨུ་རུ་སུའི་དམར་ཤོག་ལམ་ལུགས་འཐོར་ཞིག་སོང་བའི་རྗེས་ཀྱི་དམག་སྦྱོང་ཆེ་ཤོས་ཤིག་བྱེད་ཀྱི་ཡོད་པ་དེར་རྒྱ་ནག་དང་སོག་པོའི་དམག་དཔུང་ཡང་མཉམ་ཞུགས་བྱ་འཆར་ཡོད་ཅིང་། ད་ཐེངས་ཀྱི་དམག་སྦྱོང་དེར་༢༠༡༨་ཀྱི་ཤར་ཕྱོགས་དམག་སྦྱོང་ཞེས་མིང་བཏགས་ནས་ཨུ་རུ་སུའི་དམག་དཔུང་འབུམ་༣་དང་དམག་གི་གནམ་གྲུ་༡༠༠༠་ལྷག ཨུ་རུ་སུའི་མཚོ་དམག་གི་དཔུང་སྡེ་གཉིས། གནམ་སྐྱེལ་དམག་དཔུང་ཡོད་དོ་ཅོག་བཅས་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།།
ཨ་མི་རི་ཀ་དང་ཀེན་ཡའི་མཉམ་འབྲེལ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་བདེན་འདྲི་ཞིབ་ཚོགས་ཆུང་ཞིག་གིས་འབར་མའི་མཐོ་རིམ་འགོ་ཁྲིད་ཁག་ལ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་འདྲི་ཞིབ་བྱས་ཏེ། ཁོ་ཚོས་འབར་མའི་བྱང་ཕྱོགས་རཀ་ཁན་མངའ་སྡེའི་རོ་ཧིན་ཇ་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་གཙང་སེལ་གྱི་དམག་འཁྲུག་བསླངས་པའི་ནག་ཉེས་ཀྱི་ཐོག་ཏུ་ཁྲིམས་གཏུག་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་སྐོར།
དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཨེལ་ས་ཝ་ཌོ་ཡིས་ཐེ་ཝན་དང་ཕྱི་འབྲེལ་མཚམས་འཇོག་གིས་རྒྱ་ནག་དང་ཕྱི་འབྲེལ་མགོ་བཙུགས་པ་གསལ་བསྒྲགས་བྱས་པའི་རྗེས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དེ་ནི་ནོར་འཁྲུལ་ཅན་གྱི་ཐག་གཅོད་ཅིག་ཡིན་པས་དེ་ཡིས་ཨ་རི་དང་ཨེལ་ས་ཝ་ཌོ་བར་གྱི་རྒྱལ་འབྲེལ་ལ་དོ་ཕོག་ཡོང་རྒྱུ་ཡིན་པར་བརྗོད་འདུག
བཟི་སྨན་གྱི་གཉེན་པོའི་ལམ་སྟོན་གསུང་འཕྲིན།
རྒྱ་གར་གྱི་ནང་ཆར་ཆུའི་གནོད་འཚེ།
ཀོ་རི་ཡའི་ནང་མི་བསྐྱར་འཛོམས།
མང་སྣོན།