རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་གཙོས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ས་ཡ་གཅིག་ལྷག་སློབ་གསོ་བསྐྱར་མ་སྤེལ་ཡུལ་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ནས་ལུས་སེམས་གཉིས་ལ་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་།
རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ནི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་བཏང་སྟེ་སྔ་མོའི་ཐང་རྒྱལ་རབས་སྐབས་སུ་དར་པའི་རྒྱ་ནག་གི་དར་གོས་ཚོང་ལམ་སླར་གསོ་བྱ་རྒྱུ་དང་། དུས་རབས་༢༡་པ་འདིར་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་རྒྱ་སྐྱེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་དང་ཚོང་ལས་ཁག་ལ་རྒྱ་ནག་གིས་དབང་སྒྱུར་བྱ་རྒྱུའི་དམིགས་ཡུལ་ཞིག་ཡིན་ཞིང་།
༄༅། །རྒྱ་གར་གཞུང་གིས་རྒྱ་གར་དུ་གནས་སྡོད་བྱེད་མཁན་ཚོར་ཨཱ་ཌར་ཟེར་པའི་ངོས་འཛིན་ལག་འཁྱེར་ཞིག་སྤྲོད་ཀྱི་ཡོད་པ་དེར་ལབ་གླེང་མང་པོ་བྱུང་སྟེ། རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱ་གར་ལ་མི་གྲངས་དུང་ཕྱུར་༡༢་ལྷག་ཡོད་པ་རྣམས་དེབ་སྐྱེལ་ཀྱིས་ངོས་འཛིན་ལག་འཁྱེར་བཀྲམ་ཡོད་པ་ཁྲིམས་མཐུན་ཡིན་པ་གསལ་སྟོན་བྱས་པ་དང་ཆབས་ཅིག
འོན་ཀྱང་ཧོང་ཀོང་གི་ཡེ་ཤུའི་ཆོས་དཔོན་ཆེན་མོ་འཇེ་སེབ་ཙེན་སོགས་ཀྱིས་ཡེ་ཤུའི་ཆོས་ལུགས་ཀྱི་གདན་ས་ཆེན་མོ་དང་རྒྱ་ནག་གཞུང་གིས་གྲོས་མཐུན་བཞག་པ་དེ་ནི་གདན་ས་ཝྭེ་ཊི་ཁན་གྱིས་རང་གི་རྗེས་འཇུག་དད་ལྡན་པ་རྣམས་གཡང་སར་སྐྱེལ་བ་དང་གཅིག་མཚུངས་ཡིན་ཞིང་། རྒྱ་ནག་གི་ཡེ་ཤུའི་ཆོས་སྡེ་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་སུ་ཡེ་ཤུའི་ཆོས་སྡེ་དེའི་མཚན་མཐོང་ལ་གནོད་སྐྱོང་བཏང་སོང་ཞེས་སྐྱོན་བརྗོད་བྱས་ཡོད་པའི་སྐོར།
ལྷོ་བྱང་ཀོ་རི་ཡའི་གྲོས་མཐུན།
གཟའ་འཁོར་འདིར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུ་ཅེ་དབྱིན་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས། ཕྱི་ཟླ་༩་ཚེས་༢༠་ཉིན་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་དང་བཟའ་ཟླ་རྣམ་པ། ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོ་རྒྱ་ནག་དང་བྱང་ཀོ་རི་ཡའི་ས་མཚམས་སུ་ཆགས་པའི་རི་བོ་མཐོ་ཤོས་ཏེ། མཐོ་ཚད་ཧྥི་ཊི་༩༠༠༠་ཡོད་པའི་ཀོ་རི་ཡའི་བླ་རི་རྩ་ཆེན་པེཀ་ཏུ་རི་བོའི་རྩེ་ལ་གནས་སྐོར་དུ་ཕེབས་ཤིང་།
ཕྱི་ཟླ་༩་ཚེས་༡༩་ཉིན་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཐུག་འཕྲད་གྲོས་མོལ་བྱུང་བའི་རྗེས་སུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ཡུན་རིང་མི་འགོར་པར་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུའི་གྲོས་མཐུན་བྱུང་བ་དང་། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་ཡུལ་རྣམས་ཕྱི་རྒྱལ་གྱི་རྟོག་ཞིབ་པའི་མདུན་དུ་གཏོར་བཤིག་གཏོང་ཆོག
སྐྱབས་བཅོལ་བའི་གནད་དོན་སྐོར་བཀའ་སློབ།
རྒྱ་ནག་གཞུང་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གཉིས་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱ་ཕྱོགས་སུ་ལོ་མང་རིང་གྲོས་མཐུན་བྱུང་མ་བར་གནད་དོན་དེར་ཐག་གཅོད་བྱེད་ཐུབ་མེད་ཀྱང་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་གྱིས་གྲོས་མཐུན་ཞིག་འཇོག་རྒྱུའི་ཐག་གཅོད་བྱུང་འདུག
ཕྱི་ཟླ་༩་པའི་ཚེས་༡༨་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་བྱང་ཀོ་རི་ཡའི་རྒྱལ་ས་ཕིན་དབྱང་ལ་འཚམས་འདྲིར་འབྱོར་པའི་དུས་སུ་མི་ཚོགས་སྟོང་ཕྲག་མང་པོས་མེས་རྒྱལ་གཅིག་གྱུར་བྱ་དགོས་དང་ཞི་བདེ་བསྐྲུན་དགོས་ཞེས་ཁ་གཡང་བསྒྲགས་ནས་ཕེབས་བསུ་གཟབ་རྒྱས་ཞུས།
ཉེ་ཆར་ཧྥི་ལི་ཕིན་གྱི་ནུབ་ཕྱོགས་སུ་མཱང་ཁུད་ཟེར་པའི་དྲག་ཆར་རླུང་འཚུབ་ ཚབས་ཆེན་ཞིག་བྱུང་ནས་མི་གྲངས་༦༤་ལ་སྲོག་སྐྱོན་བྱུང་ཡོད་ཅིང་། དེ་རིང་རེས་གཟའ་ཟླ་བའི་ཉིན་རླུང་འཚུབ་དེ་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་སླེབས་པའི་ སྐབས་སུའང་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་དང་དཀའ་ངལ་ཚབས་ཆེན་བཟོས་འདུག འདི་ནི་འདས་པའི་མི་ལོ་མང་པོར་བྱུང་མྱོང་མེད་པའི་རྐྱེན་ངན་གོད་ཆག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར།
རྒྱ་གར་གྱི་གནས་འཕྲིན་འདྲེན་གཏོང་ལྷན་ཁང་གིས་རྒྱ་ནག་གི་གློག་འཕྲིན་འཁྲུལ་ཆས་བཟོ་ཚོང་ཁང་ཆེ་གྲས་ཧྭ་ཝེ་དང་ཟི་ཊི་ཨི་གཉིས་ཀྱི་འཕྲུལ་ཆས་རྣམས་རྒྱ་གར་གྱི་དྲྭ་རྒྱའི་འཕྲིན་གཏོང་མགྱོགས་ཚད་གྷི་ལྔ་པའམ། ཡང་ན་ལྔ་པ་གཞིར་འཛིན་གྱི་འཕྲུལ་ཆས་ཁག་ལ་ཚོད་ལྟ་དང་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་མིན་པའི་ཐག་གཅོད་བྱས་པས་རྒྱ་དཀར་ནག་གི་འཕྲུལ་རིག་ལག་རྩལ་གྱི་ཚོང་ལས་མཉམ་འབྲེལ་ལ་དོ་ཕོག་ཆེན་པོ་ཞིག་ཐེབས་སྲིད་པའི་སྐོར།
མང་སྣོན།