རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་གི་ཐོ་གཞུང་དུ་ཐེ་ཝན་ཞེས་བཀོད་ཡོད་པ་དེར་སྒྱུར་བཅོས་ཀྱིས་རྒྱ་ནག་གི་ཐེ་ཝན་ཞེས་འབྲི་དགོས་པའི་དགོས་འདུན་བཏོན། རྒྱ་ནག་གི་གནོན་ཤུགས་འོག་ཏུ་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་གིས་དགོས་འདུན་དེར་བསྟུན་དགོས་བྱུང་བ་ནི་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་ཐེབས་བཞིན་པའི་གནོན་ཤུགས་ཀྱི་དཔེ་མཚོན་དུ་འགོད་ཆོག
སྲིད་འཛིན་ ཊོམ་དང་ ཨི་རན་གྱི་འཐབ་རྩོད།
ཉེ་དུས་ཨ་རིའི་སྲིད་གཞུང་དང་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་གསར་པ་ཞིག་བཙུགས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གྲྭ་ཁག་སྒོ་རྒྱག་རྒྱུའི་ཁས་ལེན་བྱས་ཀྱང་གསང་ཉུལ་གྱི་འཁོར་སྐར་གྱིས་བརྙན་པར་བླངས་པར་གཞིགས་ན་བྱང་ཀོ་རི་ཡས་ལྐོག་ཏུ་མེ་ཤུགས་འཕུར་མདེལ་གསར་བཟོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་ཐོན་གྱི་ཡོད་པའི་སྐོར།
རྒྱ་ནག་གིས་རྒྱ་གར་དང་ཉི་ཧོང་ལ་འབྲེལ་བ་ཡག་ཏུ་གཏོང་གི་ཡོད་པ་དགའ་འོས་པའི་གནས་ཚུལ་ཞིག་ཡིན། འོན་ཀྱང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་བསྐྱེད་ནས་རྒྱ་གར་དང་ཉི་ཧོང་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཀ་བྱུང་ན་ཉི་ཧོང་དང་རྒྱ་གར་གཉིས་ཀྱིས་སྔར་བཞིན་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཆང་ནས་འདུག་མི་སྲིད། ཕྱི་ལོ་༢༠༠༧་ནས་བཟུང་སྟེ་དམངས་གཙོའི་ལམ་ལུགས་དར་བའི་ཨ་མི་རི་ཀ་དང་རྒྱ་གར།
༄༅།། རྒྱ་གར་གཞུང་གིས་༢༠༡༦་ལོར་གཏན་འབེབས་བྱུང་བའི་སྤྱི་དམངས་ཀྱི་ལག་འཁྱེར་ཞིབ་བཅོས་ཀྱི་བཅའ་ཁྲིམས་གཞིར་བཟུང་ལྟར་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་སམ་ལ་གནས་སྡོད་པའི་སྤྱི་དམངས་ཐོ་གཞུང་མཐའ་མ་དེ་འདོན་སྤེལ་བྱས་ཡོད་ཅིང་། ཐོ་གཞུང་དེར་མི་གྲངས་ས་ཡ་༤་ཙམ་འཁོད་མེད་པས་རྒྱ་གར་གྱི་བྱང་ཤར་མངའ་སྡེ་དེར་སྲིད་གཞུང་གི་ཞིབ་བཅོས་བཅའ་ཁྲིམས་ལ་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་སྐོར།
རྒྱ་གར་གྱི་ཁྱིམ་ཚེས་རྒྱལ་ཁབ་པ་ཀི་སི་ཐན་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་སུ་ཨཱིམ་རན་ཁན་གྱི་སྲིད་དོན་ཚོགས་པར་འཐུས་མི་གྲངས་མང་གི་རྒྱལ་ཁ་སོན་པར་ རྒྱ་གར་གཞུང་གིས་ཕྱི་ལོ་༢༠༡༣་ལྟར་འཕྲལ་དུ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་མ་ཞུས་པར་རེས་གཟའ་སྤེན་པའི་ཉིན་པ་ཀི་སི་ཐན་གྱི་གཞུང་འཛིན་གསར་པས་ ལྷོ་ཨེ་ཤི་ཡའི་མངའ་ཁུལ་དུ་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་མེད་པར་ ཞི་བདེ་བརྟན་ལྷིང་ལྡན་པ་ཞིག་ཏུ་བསྒྱུར་བའི་འབད་རྩོན་བྱ་རྒྱུའི་རེ་བ་ཡོད་ཅེས་ ནན་བརྗོད་བྱས་པའི་སྐོར།
དེང་སྐབས་པ་ཀི་སི་ཐན་རྒྱལ་ཡོངས་སུ་སྤྱི་ཡོངས་འོས་འདེམས་བྱེད་ཀྱི་ཡོད་པ་དང་གཟའ་ལྷག་པའི་ཉིན་པ་ཀི་སི་ཐན་གྱི་ནུབ་ཕྱོགས་སུ་ཆགས་པའི་བྷ་ལུ་ཆི་སི་ཐན་ཞིང་ཆེན་གྱི་རྒྱལ་ས་སྟེ། ཁུའེ་ཏ་གྲོང་ཁྱེར་དུ་རང་སྲོག་བློས་གཏོང་བ་ཞིག་གིས་འབར་མདེལ་གྱིས་གཏོར་རྒོལ་བྱས་ནས་མི་༢༩་བསད་པ་དང་མི་༣༥་ལ་རྨས་སྐྱོན་ཕོག
ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལའོ་སི་ལ་ཆུ་ཤུགས་གློག་ཁང་ཧ་ཅང་ཆེན་པོ་ཞིག་འཛུགས་སྐྲུན་བྱས་ཡོད་པ་དེའི་ཆུ་རགས་ཁ་ཤོར་ནས་མི་མང་ཕོན་ཆེན་ཞིག་གི་ཚེ་སྲོག་ཤོར་པ་དང་མི་བརྒྱ་ཕྲག་འགའ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་བཅས་ཀྱི་སྐོར།
ཝི་ཏེ་ནམ་གྱི་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལམ་སྟོན་ཁག་ལ་བརྩི་མེད་བཏང་ནས་རྒྱལ་ཁབ་དེའི་འགྲོ་བ་མིའི་ཐོབ་ཐང་རྡོག་བརྫིས་ཚབས་ཆེན་བཏང་ཡོད་ཅིང་། ཝི་ཏེ་ནམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཧ་ཅང་གི་ཐ་ཞན་གྱི་གནས་སུ་ལྷུང་འདུག་ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་ཞིག་གིས་རྒྱལ་ཚོགས་ལ་ཞུ་ཡིག་ཅིག་ཕུལ་ཡོད་པ་བཅས་ཀྱི་སྐོར།
༄༅།། རྒྱ་གར་དང་སིངྒ་ལ་གཉིས་ལ་འདས་པའི་ལོ་སྟོང་ཕྲག་གི་རིང་ལ་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པས་སིངྒ་ལ་རྒྱ་གར་བའི་ཤུགས་རྐྱེན་ཁྱབ་ཁོངས་ཀྱི་དཀྱིལ་འཁོར་དུ་འདུ་དགོས་པའི་བརྩི་སྲོལ་ཞིག་ཡོད་ཅིང་། རྒྱ་གར་ལས་ལྡོག་སྟེ་སིངྒ་ལ་དང་རྒྱ་ནག་གཉིས་ལ་སྤྱི་ལེ་སྟོང་ཕྲག་༥་ཡས་མས་ཤིག་གི་རྒྱང་ཁད་ཡོད་པ་དང་མི་རིགས་དག་སྐད་ཡིག ཆོས་ལུགས་དང་རིག་གཞུང་སོགས་ཕྱོགས་གང་ཐད་དུ་འབྲེལ་བ་དེ་ཙམ་མེད་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་སིངྒ་ལར་ཨ་སྒོར་དུང་ཕྱུར་མ
ཉི་ཧོང་དང་ཡུ་རོབ་མཉམ་འབྲེལ་གྱི་གུ་ཡངས་ཁྲོམ་ར།
ཨིཛ་རེལ་གྱི་རྩོད་གླེང་ཅན་གྱི་ཡུལ་ཁྲིམས་གསར་པ།
མང་སྣོན།