ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལཱི་བྷི་ཡའི་དཔེ་སྲོལ་ལྟར་ཐག་གཅོད་བྱ་དགོས་ཞེས་གཏམ་བཤད་བྱས་ཏེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ལ་འགོག་རྐྱེན་ཐེབས་གྲབས་བྱས་མོད།
རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་རྡི་མཆོག་གིས་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་སིང་གྷཱ་པུར་དུ་ཚོགས་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེས་མཐོའི་ལྷན་འཛོམས་སུ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་བར་ཕྱི་ཟླ་༦་ཚེས་༤་ཉིན་རྒྱ་ནག་གིས་དགའ་བསུ་ཞུས་ཡོད་སྐོར།
ཡུ་རོབ་སོགས་ནས་ནང་འདྲེན་གྱི་ཟོང་ཁྲལ་སྤར་བ།
ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱི་བྱང་ཀོ་རི་ཡར་ཕྱོགས་བསྐྱོད།
སྤྱི་ཚེས་༢༤ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཁྲམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་སྤྱི་ཟླ་དྲུག་པའི་ཚེས་༡༢ཉིན་འཚོགས་འཆར་གནང་རྒྱུའི་ཆེས་མཐོའི་ཚོགས་འདུ་དེ་ཕྱི་འགྱངས་གནང་པ་ཡིན་ལུགས་གསུངས་ཡོད་ཀྱང་ད་ཆ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་འཇོང་ཨུན་གྱིས་ཆེས་མཐོའི་མཇལ་འཛོམས་དེ་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་གསལ་བཏོན་བྱས་ཡོད་པའི་སྐོར་
ཕྱི་ཟླ་༥་ཚེས་༢༤་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་ཕྱིར་འཐེན་བྱས་པ་ཡིན། ཉེ་དུས་ཤིག་ནས་བྱང་ཀོ་རི་ཡས་སྡང་ཟུག་དགྲར་འཛིན་གྱི་གཏམ་བསྒྲགས་རིམ་པ་ཞིག་སྤེལ་བ་དེ་ལ་བལྟས་ཚེ། ད་ལྟའི་སྐབས་འདིར་ང་ཚོ་ཕྱི་ཟླ་༦་ཚེས་༡༢་ཉིན་སིང་ག་པུར་དུ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་འོས་འཚམས་ཤིག་མ་རེད་ཅེས་ཐག་བཅད།
ཨ་ཧྥི་རི་ཀའི་ནུབ་ཕྱོགས་རྒྱལ་ཁབ་བྷར་ཀི་ན་ཧྥ་སོའི་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་པའི་ལས་འགུལ་དེར་སླར་ཡང་རྒྱལ་ཁ་ཆེན་པོ་ཞིག་ཐོབ། ཕྱི་ཟླ་༥་ཚེས་༢༤་ཉིན་ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན་ཨ་ཧྥི་རི་ཀའི་ནུབ་ཕྱོགས་རྒྱལ་ཁབ་བྷར་ཀི་ན་ཧྥ་སོས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པའི་རྗེས་སུ་འཛམ་གླིང་འདིར་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༨་ལས་ལྷག་མེད་པ་རེད།།
༄༅།། འབར་མ་དང་རྒྱ་ནག་གི་ས་མཚམས་ཀྱི་གནད་དོན་ལ་གྲོས་མོལ་བྱེད་པའི་ཆེད་དུ་ཨེ་ཤི་ཡའི་ལས་དོན་འགན་འཛིན་ཏེ། རྒྱ་ནག་གི་དམིགས་བསལ་སྐུ་ཚབ་ཅིག་འབར་མའི་རྒྱལ་སར་ཕེབས་ནས་རྒྱལ་ཁབ་དེའི་མཐོ་རིམ་དམག་སྤྱི་ཁག་ལ་ཐུག་འཕྲད་གྲོས་མོལ་བྱས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།
བྱང་ཀོ་རི་ཡའི་རྡུལ་ཕྲན་ཚོད་ལྟ་བྱེད་ས་གཏོར་བཤིག་བྱ་རྒྱུའི་ལས་དོན་ལ་རྟོག་ཞིབ་དང་གནས་ཚུལ་འཚོལ་ཞིབ་བྱེད་མཁན་ཕྱི་རྒྱལ་གྱི་གསར་འགོད་པ་བཅུ་ཕྲག་གཉིས་ཙམ་བྱང་ཀོ་རི་ཡར་འབྱོར་འདུག་པའི་སྐོར།
བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་ཆེས་མཐོའི་འགོ་ཁྲིད་གཉིས་སྔོན་ཆད་བྱུང་མྱོང་མེད་པའི་ཆེས་མཐོའི་ལྷན་ཚོགས་ཤིག་བསྐྱང་འཆར་ཡོད་ཀྱང་བྱང་ཀོ་རི་ཡ་ལྷན་ཚོགས་དེ་ནས་ཕྱིར་འཐེན་བྱ་རྒྱུའི་ཉེན་བརྡ་བཏང་སྟེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གཉིས་ཀྱིས་རེས་གཟའ་ཉི་མར་གྲོས་བསྡུར་གནང་ཡོད་པ་བཅས་ཀྱི་སྐོར།
དབྱིན་ཇིའི་རྒྱལ་སྲས་ཀྱི་གཉེན་སྒྲིག་དགའ་སྟོན།
བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་གནམ་དམག་གི་མཉམ་འབྲེལ་དམག་སྦྱོང་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པ་དང་། ཨ་མི་རི་ཀས་མཐའ་གཅིག་ཏུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་ཨུ་ཚུགས་བརྒྱབ་ན་ཕྱི་ཟླ་༦་ཚེས་༡༢་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་སིང་ག་པུར་དུ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་ཕྱིར་འཐེན་བྱ་སྲིད།
མང་སྣོན།