ཁ་སང་གཟའ་ཟླ་བ་ཉིན་ནས་བཟུང་སྟེ་པ་ལི་སི་ཐན་གྱི་གྷ་ཟ་ས་ཁུལ་གྱི་མཐའ་མཚམས་སུ་པ་ལི་སི་ཐན་མི་དམངས་ཀྱིས་ཨ་སི་རལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དུས་སུ་ཨི་སི་རལ་གྱི་དམག་གིས་མེ་མདའ་བརྒྱབ་ནས་ཉུང་མཐའ་ཡང་པ་ལི་སི་ཐན་གྱི་མི་མང་ངོ་རྒོལ་བ་༦༠་ལྷག་བསད་ཡོད་པ་དང་མི་༢༧༠༠་ཙམ་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག
ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཛ་རིབ་ཀྱིས་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་ལ་ཐུག་འཕྲད་གྲོས་མོལ་བྱས་པ་དང་། དེ་ནས་ཁོང་གིས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎི་བཅས་ཀྱི་ཕྱི་སྲིད་བློན་ཆེན་གསུམ་ལ་ཐུག་འཕྲད་ཀྱིས་ཉེ་ཆར་ཨ་མི་རི་ཀ་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་བྱེད་པའི་རྒྱལ་སྤྱིའི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱས་ཀྱང་ཨི་རན་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་གྲོས་མཐུན་དེ་སྔར་བཞིན་རྩ་འཛིན་བྱས་ནས་སྐྱོབ་ཐབས་ཡོད་མེད་ལ་གྲོས་སྡུར་བྱ་འཆར་ཡོད་ཅིང་།
ཨེ་རོན་གྱི་རྡུལ་ཕྲན་མོས་མཐུན་ལས་ཨ་རི་ཕྱིར་འཐེན་བྱས་པར་ཅི་དགོངས།
ཉི་ཧོང་དང་། རྒྱ་ནག ལྷོ་ཀོ་རི་ཡའི་འགོ་ཁྲིད་ལྷན་འཛོམས།
རྒྱ་ནག་གིས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཕྱེད་ཀའི་དཔལ་འབྱོར་འགྲོ་གྲོན་བཏང་ནས་བལ་ཡུལ་ལ་ཆུ་གློག་ས་ཚིགས་ཤིག་འཛུགས་སྐྲུན་བྱ་རྒྱུའི་ལས་འཆར་ལ་བལ་ཡུལ་གཞུང་གིས་དང་ལེན་བྱས་མེད་ཅིང་། འདི་ནི་བལ་ཡུལ་གྱི་སྲིད་གཞུང་སྔོན་མས་རྒྱ་ནག་ལ་གྲོས་མཐུན་བཞག་པ་ཞིག་ཡིན་རུང་སྲིད་གཞུང་གསར་པས་གྲོས་མཐུན་དེར་བརྩི་མེད་གཏོང་གི་ཡོད་པ་རེད།
ཌི་ཝྭི་ཌི་གུ་ཌི་ཨོལ་ཞེས་པ་ནི་ལོ་ན་༡༠༤་ལ་སོན་པའི་ཨོ་གླིང་རྒྱལ་ཁབ་ཀྱི་ཚན་རིག་པ་གྲགས་ཅན་ཞིག་ཡིན། ཉེ་ཆར་ཁོང་ཨོ་གླིང་ནས་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་ཕེབས་ཏེ་རང་ལ་སྨན་ཁབ་རྒྱག་ཏུ་བཅུག་ནས་ལྔ་ལམ་དུ་མངོན་པར་ཕྱོགས་རྒྱུའི་ཐག་བཅད། ཕྱི་ཟླ་༥་ཚེས་༡༠་ཉིན་རྒྱལ་སྤྱིའི་འཆི་ཆོག་ཐོབ་ཐང་ཚོགས་པས་ཚན་རིག་པ་གུ་ཊི་ཨོལ་གྱིས་རང་གི་ཚེ་ཡི་འདུ་བྱེད་སྡུད་དུ་བཅུག་པས་མར་མེ་ཟུམ་པ་ལྟར་ལྔ་ལམ་དུ་ཕྱོགས་སོང་ཞེས་གནས་ཚུལ་སྤེལ་འདུག
བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་མཇལ་འཕྲད་མ་གནང་གོང་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བསྐྱར་དུ་མཇལ་འཕྲད་ཐེངས་གཉིས་པ་ཞིག་གནང་ཡོད་ཅིང་། དབྱེ་ཞིབ་པ་མང་པོ་ཞིག་གིས་ཐེངས་འདིའི་མཇལ་འཕྲད་ཀྱི་ཐོག་ནས་བྱང་ཀོ་རི་ཀའི་རྡུལ་ཕྲན་ལས་གཞི་མཚམས་འཇོག་ཐད་དུ་རྒྱ་ནག་གི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པ་མཚོན་ཐུབ་ཀྱི་ཡོད་པའི་ངོས་འཛིན་གནང་གི་ཡོད་པའི་སྐོར།
ཉེ་དུས་ཕྱི་ཟླ་༤་ཚེས་༢༧་ཉིན་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་རྣམ་གཉིས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་ཀྱི་པན་མུན་ཇོམ་ཞོ་བདེའི་ཁང་དུ་མཇལ་འཕྲད་གནང་སྟེ། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཀོ་རི་ཡའི་ཕྱེད་གླིང་གི་དཔལ་འབྱོར་འཛུགས་སྐྲུན་ཇི་ལྟར་བྱ་དགོས་མིན་གྱི་ལས་འཆར་ཞིག་ཕུལ་ཡོད་སྐོར།
ཨ་མི་རི་ཀའི་གཞུང་གིས་རྡུལ་ཕྲན་གྱི་གནད་དོན་ཐད་ དེ་སྔ་ཨི་རན་གཞུང་དང་གྲོས་མཐུན་བཞག་ཡོད་པ་དེ་ ད་ལྟའི་ཨ་མི་རི་ཀའི་སྲིད་འཛིན་ཌཱོ་ནལྜ་ ཊི་རམ་གྱིས་བརྩི་མེད་དུ་གཏོང་རྒྱུའི་ཐག་གཅོད་བྱས་པ་ཡིན་ན་ བློ་འགྱོད་པ་ཆེན་པོ་སྐྱེ་དགོས་པ་ཞིག་ཆགས་རྒྱུ་རེད་ཅེས་ ཨི་རན་གྱི་སྲིད་འཛིན་ཧཱ་སཱན་ རུ་ཧཱ་ནི་ཡིས་ཉེན་བརྡ་བཏང་ཡོད་པའི་སྐོར་
སེ་པན་གྱི་བྷ་ས་ཀེ་རང་བཙན་ཚོགས་པའི་གསལ་བསྒྲགས།
བདུན་ཕྲག་འདི་ནི་རྒྱ་གར་གཙོས་ནང་པའི་ཆོས་ལུགས་དར་ཡོད་པའི་འཛམ་གླིང་གི་རྒྱལ་ཁབ་མང་དག་ཅིག་ལ་གནས་བརྟན་སྡེ་པའི་རྩིས་ལུགས་ལྟར་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ལ་སྲུང་བརྩི་ཞུ་བའི་ཆོས་ཕྱོགས་ཀྱི་དུས་ཆེན་བླ་ན་མེད་པ་ཞིག་ཡིན་པ་དང་། ཁ་སྔོན་ཕྱི་ཟླ་༣་ནང་སིངྒ་ལའི་ནང་ཆོས་ཉམས་ལེན་ལྷན་ཁང་གི་བློན་ཆེན་གྱིས་ཝྭེ་སཀ་ཟླ་བའི་དུས་ཆེན་སྐབས་སུ་མི་དམངས་རྣམས་ཁ་འདོན་དགེ་སྦྱོར་དང་སྒོམ་སྒྲུབ་ལ་གཞོལ་དགོས།
རྒྱ་གར་གྱི་གྲོང་ཁྱེར་ཁག་གི་མཁའ་རླུང་འབག་བཙོགརྒྱ་གར་ལ་མི་འབོར་མང་བའི་གྲོང་ཁྱེར་ཆེ་ཁག་བརྒྱ་སྐོར་ཞིག་ཡོད་པ་དེ་དག་གི་མཁའ་རླུང་འབག་བཙོག་དང་འཐུང་ཆུ་གཙང་མ་མེད་པར་མི་དམངས་ཀྱི་བདེ་ཐང་ལ་གནོད་ཚབས་ཆེ་བ་དང་། རྒྱ་གར་དབུས་གཞུང་གིས་གྲོང་ཁྱེར་དེ་དག་གི་འགོ་ཁྲིད་ཚོར་མཁའ་རླུང་འབའ་བཙོག་ཉུང་དུ་གཏོང་དགོས་ཞེས་ལོ་གསུམ་གྱི་གོང་དུ་ནན་བརྗོད་བྱས་ཀྱང་ད་དུང་ཡང་གྲོང་ཁྱེར་ཉུང་ཤས་ཤིག་གིས་མ་གཏོགས་མཁའ་རླུང་འབག་བཙོག་ལ་བཀག་འགོག་ཇི་ལྟར་བྱ་དགོས་མིན་གྱི་འཆར་འགོད་བྱས་མེད་པ་རེད།
མང་སྣོན།