ཉི་ཧོང་གི་ཡོ་མིའུ་རི་ཉིན་རེའི་ཚགས་པར་ལ་བདུན་ཕྲག་རྗེས་མའི་གཟའ་ཟླ་བ་ཡས་མས་སུ་ཉི་ཧོང་སྲིད་གཞུང་གི་ལས་ཁུངས་ཁག་གི་སྒྲིག་གཞི་ལ་བཅོས་སྒྱུར་གྱིས་ཉི་ཧོང་སྲིད་གཞུང་གི་ལས་ཁུངས་ཁག་གིས་རྒྱ་ནག་ནས་ཐོན་པའི་ཧྭ་ཝེ་དང་ཀྲུང་ཞཱིང་བཟོ་ཚོང་ཁང་གི་ཁ་པར་རྣམས་མངགས་ཉོ་དང་བཀོལ་སྤྱོད་བྱེད་མི་ཆོག་པའི་ཐག་གཅོད་བྱ་འཆར་ཡོད་པ་དང་།
ཨ་མི་རི་ཀའི་འཁོར་སྐར་གྱིས་བྱང་ཀོ་རི་ཡའི་ས་ཐོག་ཏུ་མྱུལ་ཞིབ་བྱས་ནས་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་གསར་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་རྣམས་སྦས་འཇོག་བྱ་ཡུལ་མང་དུ་གཏོང་གི་ཡོད་པ་རྩད་གཅོད་བྱུང་ཞིང་། བྱང་ཀོ་རི་ཡར་ཞིབ་འཇུག་བྱེད་མཁན་ཨ་མི་རི་ཀའི་མཁས་པ་གཉིས་ཀྱིས་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་དེ་རྣམས་གླིང་བརྒལ་འབེན་ཕོག་འཕུར་མདེལ་རྣམས་འཛུགས་ས་ཡིན་སྲིད།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ལྟེ་གནས་ཏེ། ཡུ་རོབ་རྒྱལ་ཁབ་བྷེལ་ཇེམ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་དོན། ཕྱི་ལོ་༡༩༨༧་ལོར་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀྱིས་འཕེན་འབྲིང་མེ་ཤུགས་འཕུར་མདེལ་རྣམས་བཟོ་མི་ཆོག་པའི་ཆིངས་ཡིག་ཅིག་བཞག་པར་ཨུ་རུ་སུས་བརྩི་སྲུང་དང་ལེན་ཚུལ་བཞིན་བྱས་མེད་ཅིང་།
ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨབ་གྷ་ཎི་སི་ཐན་གྱི་སྲིད་གཞུང་དང་ཏ་ལི་བྷན་གྱེན་ལོག་པས་ཐད་ཀར་ཞི་བའི་གྲོས་མོལ་བྱ་རྒྱུ་དེའི་ཆེད་དུ་དམིགས་བསལ་སྐུ་ཚབ་ཅིག་བསྐོ་བཞག་བྱས་ཡོད་ཅིང་། ཨ་རིའི་དམིགས་བསལ་སྐུ་ཚབ་ཀྱིས་ཨབ་གྷ་ཎི་སི་ཐན་ལ་ཞི་བདེ་བསྐྲུན་པར་པ་ཀི་སི་ཐན་གྱི་སྲིད་གཞུང་གིས་རྒྱབ་སྐྱོར་རོགས་རམ་བྱ་དགོས་ཞེས་འབོད་སྐུལ་ཞུས་ཡོད་པར་མ་ཟད། ཨ་མི་རི་ཀའི་སྲིད་གཞུང་གིས་ཨབ་གྷ་ཎི་སི་ཐན་ལ་ཞི་བདེ་བརྟན་ལྷིང་ཡོང་ཐུབ་པའི་འབད་རྩོན་བྱེད་ཀྱི་ཡོད་པའི་སྐོར།
ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་འཛམ་གླིང་གི་ས་གོ་ལའི་ཚ་དྲོད་སེལ་སེ་སི་གཉིས་མ་ཟིན་ཙམ་ཞིག་ལས་འཕར་དུ་འཇུག་རྒྱུ་མིན་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲོས་མཐུན་ཞིག་བྱུང་སྟེ་ལོ་གསུམ་ཕྱིན་པའི་གཞུག་སྟེ།
ཨ་རི་དང་རྒྱ་གར། ཉི་ཧོང་གི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་གྱིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་བྱུང་ཞིང་། འདི་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་གར་གྱི་སྲིད་བློན་མོ་དྷི། ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེ་གསུམ་ལྷན་འཛོམས་གྲོས་མོལ་བྱུང་བ་ཐེངས་དང་པོ་ཡིན་རུང་སྲིད་བློན་མོ་དྷིས་ཕྱོགས་གསུམ་གྱི་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་བྱུང་སོང་ཞེས་ཊོས་ཊར་དྲྭ་ལམ་དུ་རྩོམ་ཐུང་ཞིག་སྤེལ་ཏེ་
སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་ཚོགས་ཆེན།
ཆོས་དད་རང་དབང་གི་ཉན་ཞིབ།
གཟའ་སྤེན་པ་འདིར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ནའི་རྒྱལ་ས་བྷེ་ནོ་སི་ཨ་རིར་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་འཚོགས་ཀྱི་ཡོད་ཅིང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ཚོགས་ཆེན་ཞོར་དུ་ཐུག་འཕྲད་གྲོས་མོལ་གནང་འཆར་ཡོད་པར་མ་ཟད།
མང་སྣོན།