དེ་རིང་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡས་གསལ་བསྒྲགས་བྱས་དོན། གལ་སྲིད་ཨ་རིའི་ཕྱོགས་ནས་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བྱ་རྒྱུ་མཚམས་འཇོག་མ་བྱས་བར་དུ་བྱང་ཀོ་རི་ཡས་ཀྱང་རང་གི་རྡུལ་ཕྲན་མཚོན་ཆ་རྣམས་གཏན་ནས་མེད་པར་བཟོ་མི་སྲིད།
ཨེ་ཤེ་ཡའི་ལྷོ་ནུབ་ཕྱོགས་སུ་ཆགས་པའི་ཡེ་མན་རྒྱལ་ཁབ་ལ་སྤྱི་ལོ་༢༠༡༥་ནས་ནང་འཁྲུག་ལངས་ཏེ་ད་ལྟ་བར་དུ་མཚམས་ཆད་མེད། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བར་འདུམ་འོག་ཏུ་བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཡུ་རོབ་རྒྱལ་ཁབ་སུད་ཌན་གྱི་རྒྱལ་སར་ཡེ་མན་གྱི་ནང་འཁྲུག་མཚམས་འཇོག་ལ་ཞི་བའི་གྲོས་མོལ་བྱས་ནས་གྲོས་མཐུན་ཞིག་བཞག་ཅིང་།
ཉི་ཧོང་གཞུང་གིས་ལོ་ལྔའི་རྒྱལ་སྲུང་འཆར་གཞི་ཞིག་གསལ་བསྒྲགས་བྱས་པར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྐྱོན་བརྗོད་ཀྱིས་འཆར་གཞི་དེ་ནི་རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་མེད་པ་ཞིག་ཡིན་པར་མ་ཟད། ཨེ་ཤི་ཡའི་མངའ་ཁུལ་ལ་ཞི་བདེ་བརྟན་ལྷིང་བསྐྲུན་མི་ཐུབ་པའི་འགལ་རྐྱེན་ཞིག་ཀྱང་རེད་ཅེས་ཁ་རྡུང་བཏང་ཡོད་པའི་སྐོར།
རྒྱ་གར་རྒྱ་མཚོའི་ནང་དུ་ཆགས་པའི་ཡོད་པའི་མཚོ་གླིང་རྒྱལ་ཁབ་ཆུང་ངུ་མལ་ཌིབ་ཀྱི་སྲིད་གཞུང་གསར་པས་རྒྱ་ནག་ལ་དགའ་ཞེན་ཆེ་བའི་སྲིད་ཇུས་ཤིག་བཟུང་བ་དེར་འགྱུར་བ་བཏང་སྟེ། ཁོ་ཚོས་རང་གི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་དམིགས་སུ་བཀར་ནས་དོ་སྣང་བྱས་པའི་སྐབས་འདིར་རྒྱ་གར་གཞུང་གིས་མལ་ཌིབ་རྒྱལ་ཁབ་ལ་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བུ་ལོན་བསྐྱིས་ནས་ཡར་རྒྱས་ཀྱི་ལས་གཞི་ཁག་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་སྲིད་བློན་ན་རེན་དྷ་ར་མོ་དྷིས་གསུངས་ཡོད་པ་
ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་ཟླ་བ་༡༢་པའི་ཚེས་༡༧་ཉིན་ཐེ་ཝན་ལ་འཚམས་འདྲིར་འབྱོར་ཡོད་ཅིང་། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ཐེངས་འདིའི་འཚམས་འདྲི་ནི་ཐེ་ཝན་དང་ཡུ་རོབ་མཉམ་འབྲེལ་གྱི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུའི་ཆེད་དུ་ཡིན་ཞེས་བརྗོད་ཡོད་པའི་སྐོར།
སེངྒ་ལའི་སྲིད་འཛིན་གྱིས་ཉེ་ལམ་རྒྱལ་ཁབ་དེའི་སྲིད་བློན་གནས་དབྱུང་བཏང་མོད། འོན་ཀྱང་ད་ལྟ་སྲིད་འཛིན་གྱིས་སླར་ཡང་སྲིད་བློན་ར་ནཱིལ་ཝི་ཀྲམ་སིང་རྒྱལ་ཁབ་དེའི་སྲིད་བློན་ལ་བསྐོ་གཞག་བྱས་ཤིང་། སྐུ་ཞབས་ཝི་ཀྲམ་སིང་གིས་སྲིད་འཛིན་ཕོ་བྲང་དུ་བཅར་ནས་ལས་ཁུར་དམ་བཅའ་བཞག་པས་སྲིད་བློན་གྱི་རྒྱབ་སྐྱོར་པ་ཚོས་རྒྱལ་སའི་སྲང་ལམ་ཁག་ཏུ་ཤོག་སྦག་སྦར་བ་དང་དགའ་བའི་གླུ་བླངས། སྐྱིད་པའི་བྲོ་འཁྲབ་པ་སོགས་ཀྱི་དགའ་སྟོན་བྱས་ཤིང་།
ཞི་བདེ་རྒྱ་མཚོའི་ལྷོ་ཕྱོགས་སུ་ཆགས་པའི་པ་ཕུ་ཝ་ནེའུ་གྷེ་ཎིའི་རང་སྐྱོང་ས་ཁུལ་ཏེ། བྷོ་གྷིན་ཝྭིལ་གླིང་ཕྲན་ནི་དཔལ་འབྱོར་དང་ཚོང་ལས། ཕྱི་འབྲེལ་བཅས་ལ་ནུས་པ་དང་ཤུགས་རྐྱེན་ཆེན་པོ་ཡོད་པའི་གནས་ཤིག་མིན་མོད། ད་ལྟ་ཕྱོགས་གཅིག་ཏུ་རྒྱ་ནག་དང་ཕྱོགས་གཞན་དེར་ཨ་མི་རི་ཀས་ཕུ་ཝ་ནེའུ་གྷི་ཎིར་མཐུན་ཕྱོགས་སྒྲིག་ཐབས་ཀྱི་འགྲན་རྩོད་བྱ་ཡུལ་གལ་ཆེ་ཞིག་ཏུ་གྱུར་ཡོད་པའི་སྐོར།
ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་ཁྲིམས་ཁང་ཞིག་གིས་རྒྱ་ནག་གི་གྲོང་པ་ཚོས་རང་གི་ས་གནས་དེའི་རྩ་ཆེའི་སངས་རྒྱས་ཀྱི་སྐུ་འདྲ་ཞིག་ནེ་དྷར་ལན་ཌིའི་ས་ཐོག་ཏུ་འཁྱེར་འདུག སྐུ་འདྲ་དེ་རྒྱ་ནག་གི་གྲོང་གསེབ་དེར་ཕྱིར་སློག་བྱ་དགོས་ཞེས་ལོ་སྔོན་ནས་ཁ་མཆུ་བཙུགས་ཀྱང་ནེ་དྷར་ལན་ཌིའི་ཁྲིམས་ཁང་གིས་ཁ་མཆུ་དེར་དང་ལེན་བྱས་མེད་པའི་སྐོར།
ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཨ་ཧྥི་རི་ཀའི་གླིང་ཆེན་དེར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པར་ཁ་གཏད་གདོང་ལེན་བྱ་རྒྱུའི་ཆེད་དུ་འཐབ་ཇུས་གསར་པ་ཞིག་གི་ཆ་ཤས་སུ་ཨ་མི་རི་ཀས་ཨ་ཧྥི་རི་ཀར་མ་རྩ་འཛུགས་འཇོག་དང་ཚོང་འབྲེལ་རྒྱ་སྐྱེད་གཏོང་རྒྱུ།
ཧྥ་རྭན་སེ་རུ་འགྲོ་སོང་འཕར་བར་ངོ་རྒོལ།
མང་སྣོན།