ཞི་བདེ་རྒྱ་མཚོའི་ལྷོ་ཕྱོགས་སུ་ཆགས་པའི་པ་ཕུ་ཝ་ནེའུ་གྷེ་ཎིའི་རང་སྐྱོང་ས་ཁུལ་ཏེ། བྷོ་གྷིན་ཝྭིལ་གླིང་ཕྲན་ནི་དཔལ་འབྱོར་དང་ཚོང་ལས། ཕྱི་འབྲེལ་བཅས་ལ་ནུས་པ་དང་ཤུགས་རྐྱེན་ཆེན་པོ་ཡོད་པའི་གནས་ཤིག་མིན་མོད། ད་ལྟ་ཕྱོགས་གཅིག་ཏུ་རྒྱ་ནག་དང་ཕྱོགས་གཞན་དེར་ཨ་མི་རི་ཀས་ཕུ་ཝ་ནེའུ་གྷི་ཎིར་མཐུན་ཕྱོགས་སྒྲིག་ཐབས་ཀྱི་འགྲན་རྩོད་བྱ་ཡུལ་གལ་ཆེ་ཞིག་ཏུ་གྱུར་ཡོད་པའི་སྐོར།
ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་ཁྲིམས་ཁང་ཞིག་གིས་རྒྱ་ནག་གི་གྲོང་པ་ཚོས་རང་གི་ས་གནས་དེའི་རྩ་ཆེའི་སངས་རྒྱས་ཀྱི་སྐུ་འདྲ་ཞིག་ནེ་དྷར་ལན་ཌིའི་ས་ཐོག་ཏུ་འཁྱེར་འདུག སྐུ་འདྲ་དེ་རྒྱ་ནག་གི་གྲོང་གསེབ་དེར་ཕྱིར་སློག་བྱ་དགོས་ཞེས་ལོ་སྔོན་ནས་ཁ་མཆུ་བཙུགས་ཀྱང་ནེ་དྷར་ལན་ཌིའི་ཁྲིམས་ཁང་གིས་ཁ་མཆུ་དེར་དང་ལེན་བྱས་མེད་པའི་སྐོར།
ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཨ་ཧྥི་རི་ཀའི་གླིང་ཆེན་དེར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པར་ཁ་གཏད་གདོང་ལེན་བྱ་རྒྱུའི་ཆེད་དུ་འཐབ་ཇུས་གསར་པ་ཞིག་གི་ཆ་ཤས་སུ་ཨ་མི་རི་ཀས་ཨ་ཧྥི་རི་ཀར་མ་རྩ་འཛུགས་འཇོག་དང་ཚོང་འབྲེལ་རྒྱ་སྐྱེད་གཏོང་རྒྱུ།
ཧྥ་རྭན་སེ་རུ་འགྲོ་སོང་འཕར་བར་ངོ་རྒོལ།
རྒྱ་ནག་གཞུང་གིས་ཁེ་ན་ཌའི་མི་གཉིས་འཛིན་བཟུང་བྱས་པ།
བར་སྣང་དུ་ཡུལ་སྐོར་སྤྲོ་འཆམ།
རྒྱ་ནག་གི་ཧྭ་ཝེ་འཕྲུལ་རིག་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེང་ཝེན་ཀྲུག་དངུལ་སྒོར་གཏའ་མར་བཞག་ནས་གློད་འགྲོལ་བཏང་བར་རྒྱ་ནག་གི་མང་ཚོགས་ཀྱིས་དགའ་སྤྲོ་དང་ཁེ་ན་ཌའི་ཁྲིམས་ཁང་གི་ཐག་གཅོད་ལ་དགའ་བསུ་ཞུ་ཡི་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཁེ་ནེ་ཌའི་ཕྱི་འབྲེལ་མི་སྣ་ཟུར་པ་ཞིག་འཛིན་བཟུང་བྱས་ཡོད་པ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཤེས་རྟོགས་གང་ཡང་བྱུང་མེད་ཅེས་འགྲེལ་བརྗོད་བྱས་ཏེ། རྒྱ་ནག་གིས་ཁེ་ན་ཌའི་སྤྱི་དམངས་ཤིག་འཛིན་བཟུང་བྱས་པ་ངོས་ལེན་བྱས་མེད་པའི་སྐོར།
༄༅།།ཕྱི་ཟླ་༡༢་ཚེས་༡༢་ཉིན་དབྱིན་ཇིའི་གྲོས་ཚོགས་སུ་གཞུང་འཛིན་རྙིང་ཞེན་ཚོགས་པའི་འཐུས་མི་ཚོས་སྲིད་བློན་ཊེ་རི་ས་མཱེའི་འགོ་ཁྲིད་ལ་ཡིད་ཆེས་མེད། དབྱིན་ཇིའི་སྲིད་བློན་ལ་འཕོ་འགྱུར་གཏོང་དགོས་པའི་འོས་ཤོག་འཕངས་ཀྱང་སྲིད་བློན་ཊེ་རི་ས་མཱེས་འཕྲལ་དུ་རང་གི་ལས་གནས་ནས་གནང་བ་ཞུ་རྒྱུ་མིན། ང་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་སུ་གྲོས་མཐུན་ཞིག་བཞག་པར་དགེ་མཚན་ཡོད་ཅེས་ལན་བཏབ།
༄༅།།ཐོག་མའི་འཆར་གཞི་ལྟར་ན་ཕྱི་ཟླ་༡༢་ཚེས་༡༡་ཉིན་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ཀྱི་གྲོས་མཐུན་ཞིག་ཕྱོགས་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་ཟིན་བྲིས་དེར་དབྱིན་ཇིའི་གྲོས་ཚོགས་སུ་བགྲོ་གླེང་བྱ་རྒྱུ་དགོས་པ་དང་། དབྱིན་ཇིའི་གྲོས་ཚོགས་ལ་གྲོས་མཐུན་དེར་རྒྱབ་སྐྱོར་ཡོད་མེད་འོས་ཤོག་འཕེན་དུ་འཇུག་དགོས་པའི་དུས་ཚོད་ཡིན།
སང་ཉིན་དབྱིན་ཇིའི་གྲོས་ཚོགས་སུ་དབྱིན་གཞུང་དང་ཡུ་རོབ་མཉམ་འབྲེལ་གྱིས་གྲོས་མཐུན་ཟིན་བྲིས་ཤིག་ལ་མིང་རྟགས་བཀོད་པར་རྒྱབ་སྐྱོར་ཡོད་མེད་ཐག་གཅོད་བྱེད་དུ་འཆར་ཡོད་ཅིང་། དབྱིན་ཇིའི་གྲོས་ཚོགས་སུ་གནད་དོན་དེར་གྲོས་བསྡུར་མ་བྱས་པའི་ཉི་མ་གཅིག་གི་སྔོན་དེར་ཡུ་རོབ་མཉམ་འབྲེལ་གྱི་ཁྲིམས་ཁང་གིས་དབྱིན་ཡུལ་མུ་མཐུད་དུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་སྡོད་འདོད་ཡོད་ན་ཚོགས་འཐུས་རྒྱལ་ཁབ་ཁག་མོས་མཐུན་ཡོད་མེད་གྲོས་བསྡུར་བྱ་མི་དགོས།
རྒྱ་དཀར་ནག་གཉིས་ཀྱིས་འབྲོག་ལམ་ས་ཁུལ་དུ་དམག་གསོག་བརྒྱབ་སྟེ་འཐབ་འཁྲུག་གི་ཛ་དྲག་བྱུང་ནས་ལོ་གཅིག་དང་ཕྱེད་ཀ་ཕྱིན་པའི་གཞུག་འདིར་རྒྱ་དཀར་ནག་གཉིས་ཀས་སླར་ཡང་མཉམ་འབྲེལ་དམག་སྦྱོང་བྱས་ནས་ཡིད་ཆེས་སྐྲུན་ཐབས་བྱེད་ཀྱི་ཡོད། ཡིན་ནའང་རྒྱ་དཀར་ནག་གཉིས་ལ་གཞི་རྩའི་ཆ་ནས་ཕན་ཚུན་ཡིད་ཆེས་མེད་པ་དང་འགལ་ཟླ་སྣ་མང་ཞིག་ཡོད་པ་སེལ་ཐུབ་ཀྱི་མེད་པ་སྟེ། ཉམས་ཞིབ་པ་ཚོས་སང་ཉིན་གཟའ་མིག་དམར་ནས་རྒྱ་ནག་གི་ཁྲེན་ཏུའུ་གྲོང་ཁྱེར་དུ་རྒྱ་དཀར་ནག་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་ཞིག་བྱེད་ཀྱི་ཡོད་པར་
མང་སྣོན།