ད་ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་སྐབས་སུ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊོ་ནོར་ཁྲ་རམ་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་སྟེ། ཨ་མི་རི་ཀས་སྔར་བཞིན་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ལ་འགན་ཁུར་ལེན་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར་པ་དང་། ལྷག་པར་དུ་གྱིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་སོགས་ཀྱིས་རང་གི་རྒྱལ་སྲུང་ལ་འགྲོ་གྲོན་མང་ཙམ་གཏོང་དགོས།
ཉི་ཧོང་གི་སྲིད་བློན་ཤཱི་ཟོ་ཨ་བྷེས་ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་གཞན་པ་སུ་ལའང་ཐུག་འཕྲད་མ་བྱས་གོང་། ང་ཁོང་ལ་སྔོན་དུ་ཐུག་འཕྲད་བྱེད་ཀྱི་ཡོད་པ་འདིར་དགའ་ཚོར་ཆེན་པོ་བྱུང་ཡོད། ཉི་ཧོང་དང་ཨ་མི་རི་ཀའི་མཛའ་འབྲེལ་ནི་ཉི་ཧོང་གི་ཕྱི་སྲིད་ཀྱི་རྩ་བར་ཐུག་ཡོད། ང་ཚོ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཚོ་ཕན་ཚུན་ཡིད་ཆེས་འཕེར་ན་ཕྱོགས་གཉིས་ཀྱི་མཛའ་འབྲེལ་ཡང་བརྟན་པོ་ཆགས་ཐུབ།
བལ་ཡུལ་གྱིས་རྒྱ་ནག་གི་ཚོང་ལམ་གྱི་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཚོ་དང་མཉམ་དུ་ཚོང་འབྲེལ་བྱེད་སྟངས་ཀྱི་སྐོར་ལ་རྒྱ་ནག་དང་བལ་ཡུལ་གྱི་དཔོན་རིགས་ཚོས་གཟའ་ལྷག་པ་ནས་བཟུང་སྟེ་གྲོས་མོལ་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་དང་། བལ་ཡུལ་གྱིས་རྒྱ་ནག་གི་བརྒྱུད་ནས་ཚོང་འབྲེལ་བྱེད་ཆོག་པའི་སྐོར་ཡུལ་དེའི་སྲིད་བློན་གོང་མ་སྐུ་ཞབས་ཨོ་ལི་ཡིས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་ནང་ལྟ་སྐོར་བྱེད་སྐབས་མཐུན་གྲོས་ཤིག་ལ་མིང་རྟགས་བཀོད་ཡོད་པ་སོགས་ཀྱི་སྐོར་
ཡུ་རོབ་སྤྱི་མཐུན་དང་ ཊརམྥ་དབར་འབྲེལ་བ།
ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་སྐུ་ཞབས་ཁྲ་རམ་དང་ར་ཤ་ཡའི་སྲིད་འཛིན་པུ་ཌིན་རྣམ་གཉིས་ ཞལ་པར་ཐོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་གཙོས་པའི་གནད་དོན་འགའ་ཞིག་གི་ཐད་བཀའ་མོལ་གནང་ཡོད་པ་ར་ཤ་ཡ་གཞུང་གི་མགྲིན་ཚབ་པ་དང་སྐུ་ཞབས་ཁྲ་རམ་གྱི་ལས་ཁུངས་ནས་གནས་ཚུལ་སྤེལ་ཡོད་པ་བཅས་ཀྱི་སྐོར་
རེས་གཟའ་ཉིན་མའི་ཉིན་ ཨ་མི་རི་ཀ་དང་ཨོ་ས་ཌེར་ལ་ཡའི་དབར་ ཨོ་ས་ཌེར་ལ་ཡའི་གླེང་ཕྲན་ཁག་གཉིས་ནས་སྐྱབས་བཅོལ་བ་ཁག་གཅིག་ཨ་མི་རི་ཀར་ ལེན་རྒྱུའི་གྲོས་མཐུན་ཞིག་གསལ་བསྒྲགས་བྱས་ཡོད་པ་དེ་ ཨ་རིའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བ་ཁྲ་རམ་འཛིན་སྐྱོངས་ཁང་གིས་སྲུང་བརྩི་དང་ལེན་ཞུ་རྒྱུའི་ཡིད་ཆེས་ཡོད་པ་བཅས་ཀྱི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།
ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ལ་སྤྱི་མཐུན་སྲིད་དོན་ཚོགས་པའི་འོས་མི་སྐུ་ཞབས་ཌོ་ནོལ་ཁྲ་རམ་ལ་རྒྱལ་ཁ་ཐོབ་པའི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནས་འཚམས་འདྲི་ཞུས་ཡོད་པ་དང་འཚམས་ཡིག་གི་ནང་དུ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ཆེད་དུ་ཡུལ་གྲུ་གཉིས་མཉམ་འབྲེལ་བྱེད་རྒྱུ་གལ་ཆེ་ཡིན་པ་
གཟའ་ཟླ་བའི་ཉིན་མོ་ཡེ་ཤུའི་གདན་ས་ཆེན་མོས་དམིགས་གསལ་གྱི་གསལ་བསྒྲགས་ཤིག་སྤེལ་ནས་རྒྱ་ནག་ནང་གི་རྒྱ་གཞུང་གི་འགག་ཆ་ཡོད་པ་དང་ཡེ་ཤུའི་བླ་ཆེན་ལ་དད་གུས་ཅན་གྱི་ཆོས་སྡེ་ཁག་ཅིག་གིས་ཡེ་ཤུའི་གདན་ས་ཆེན་མོ་དང་བླ་ཆེན་མཆོག་གི་ཆོག་མཆན་མེད་པར་རང་ངོས་ནས་ཡེ་ཤུའི་ཆོས་སྡེའི་སྤྱི་ཁྱབ་བླ་ཆེན་ངོས་འཛིན་གྱིས་བསྐོ་བཞག་བྱེད་ཀྱི་ཡོད་པའི་གནས་ཚུལ་འཐོན་གྱི་ཡོད་པས་དེ་ནི་ཆོས་ཁྲིམས་ལས་བརྒལ་བ་ཞིག་རེད་ཅེས་བཀོད་ཡོད་པ་དང་
དབྱིན་ཇིའི་ཁྲིམས་ཁང་གི་ཐག་གཅོད།
རྒྱ་གར་གྱི་སྲིད་འཛིན་པར་ནཝ་ མུ་ཁར་ཇི་བལ་ཡུལ་ནང་འཚམས་གཟིགས་ཆེད་ད་རིང་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུར་ཕེབས་འབྱོར་གནང་འདུག་པ་དང་། དེ་ཉིན་བལ་ཡུལ་ནང་གཞུང་འབྲེལ་དགུང་གསེང་ལ་གསལ་བསྒྲགས་བྱས་འདུག སྲིད་འཛིན་པར་ནཝ་ མུ་ཁར་ཇི་བལ་ཡུལ་ནང་གཟིགས་བསྐོར་ལ་ཕེབས་པ་དེ་ནི་ལོ་ ༡༨ རྗེས་རྒྱ་གར་གྱི་རྒྱལ་ཁབ་དབུ་ཁྲིད་གཅིག་བལ་ཡུལ་ལ་འཚམས་གཟིགས་ལ་ཕེབས་པ་དང་པོ་ཡིན་པ་རེད། སྲིད་འཛིན་པར་ནཝ་ མུ་ཁར་ཇི་བལ་ཡུལ་ལ་ཉིན་གསུམ་གྱི་འཚམས་གཟིགས་དེ་ནི་གཙོ་ཆེ་མཛའ་འབྲེལ་དང་གནས་གཟིགས་ཆེད་ཕེབས་པ་ཞིག་ཡི
མང་སྣོན།