སྤྱི་ལོ་༢༠༡ར་ལོར་རྒྱ་ནག་གི་བཙོན་འཇུག་མནར་གཅོད་མྱངས་ཏེ་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་དེ་ཉིད་ཀྱི་ཚ་མོ་ཉི་མ་ལྷ་མོ་ཕྱི་ཚེས་༡༦་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚོགས་བཞིན་ཡོད་པའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་ཆེན་ཐེངས་གཉིས་པར་མཉམ་ཞུགས་བྱས་ཡོད་ཅིང་།
༄༅། །བོད་མིའི་རང་དབང་འཐབ་རྩོད་དེ་དྲང་བདེན་དང་འཚེ་བ་མེད་པའི་ལྟ་གྲུབ་ཐོག་ཤར་བསྐྱོད་བྱ་རྒྱུར་འབད་བརྩོན་བྱས་ཡོད་པ་དང་། ལོ་ངོ་བཅུ་ཕྲག་གཉིས་ཙམ་གྱི་གོང་བཞུགས་སྒར་དྷ་རམ་ས་ལར་བོད་པ་ན་གཞོན་ཚོར་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་སྤྲོད་རྒྱུའི་ལྟེ་གནས་ཁང་ཞིག་ཟུར་འཛུགས་བྱས་ཡོད་པ་རེད། དེ་རིང་གི་ཀུན་གླེང་ལས་རིམ་ནང་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ཁང་དེ་ཇི་ལྟར་གསར་འཛུགས་བྱས་པ་དང་ལས་འགུལ་གྱི་རིམ་པ། སྦྱོང་བརྡར་སྤྲོད་ཚུལ་སོགས་ཀྱི་སྐོར་ལ་གླེང་མོལ་ཞུ་རྒྱུ་ཡིན།
༄༅།། བདུན་ཕྲག་སྔོན་མར་རྒྱ་གར་ལྷོ་ཕྱོགས་སུ་ཕྱག་བཏབ་པའི་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཤར་བྱང་གྲྭ་ཚང་གཉིས་ཀྱིས་རྒྱ་གར་དང་བོད་ཀྱི་མཁས་པ་རྣམས་མགྲོན་འབོད་ཀྱིས་ཕྱི་ནང་གི་ལྟ་སྒོམ་ཐོག་ཏུ་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ་དང་པོ་དེ་སྐོང་ཚོགས་ཡོད་ཅིང་། དེ་རིང་གི་ཀུན་གླེང་ལས་རིམ་ནང་དུ་འཕགས་བོད་མཁས་པའི་བགྲོ་གླེང་ཚོགས་འདུ་བསྐོངས་པའི་དགོས་པ་དང་གྲུབ་འབྲས། མ་འོངས་པར་མཇུག་འཁྱོངས་གནང་ཕྱོགས་སོགས་ལཀ་གླེང་མོལ་ཞུ་རྒྱུ་ཡིན།
ནང་ཆོས་ཐོག་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ལམ་སྟོན།
ཨ་རིའི་གསོ་རིག་སློབ་ཆེན་གྱི་དགེ་སློབ་ལ་མཇལ་ཁ་དང་བཀའ་སློབ།
བཞུགས་སྒར་གྱི་རྣམ་འགྲེལ་དབྱར་ཆོས།
མང་སྣོན།