སོག་ཡུལ་དུ་ཨེ་ཤི་ཡའི་ནང་པའི་ལྷན་ཚོགས་ཐེངས་༡༡་འཚོགས་བཞིན་པ་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བརྙན་འཕྲིན་བརྒྱུད་ནས་གསུང་འཕྲིན་ཞིག་བསྩལ་ཡོད་ཅིང་། ད་དུང་ཆོས་རིག་བཀའ་བློན་ལྷན་ཚོགས་དེར་ཆེད་བཅར་ཞུ་འཆར་ཡོད་ཀྱང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཏུ་ཐོངས་མཆན་ལ་འགོག་རྐྱེན་ཕྲད་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་ནས་ང་ཚོའི་ས་གནས་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།
Cyber Tibet Jun 21, 2018 དྲ་སྣང་གི་བོད། ༢༠༡༩ ཟླ་ ༦ཚེས་༢༡ རེས་གཟའ་པ་སངས།
རྒྱལ་སྤྱིའི་གསར་འགྱུར། ༢༠༡༩ ཟླ་ ༦ ཚེས་༢༡
ཤེས་རིག་དཔར་ཁང་གི་པར་སྐྲུན་འཕྲུལ་ཆས་གསར་པ།
སྲིད་སྐྱོང་མཆོག་དབྱིན་ཡུལ་དུ་ཕྱོགས་ཕེབས།
ཡ་ཆེན་སྒར་དུ་སླར་ཡང་གྲྭ་བཙུན་ཕྱིར་བསྐྲོད།
གྷུ་གྷལ་བཟོ་ཚོང་ཁང་གིས་རྒྱ་ནག་ལ་ཆེད་དུ་མཁོ་བའི་འཚོལ་བཤེར་མ་ལག་ཅིག་བཟོ་རྒྱུའི་ལས་གཞི་དེ་ཉིད་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་བྱས་པར་བོད་དོན་ལས་འགུལ་ཚོགས་པ་ཁག་གིས་དགའ་བསུ་ཞུ་བཞིན་ཡོད་པའི་སྐོར།
བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་པ་ཟུར་པ་དང་དེང་སྐབས་རྒྱ་གར་ལྷོ་ཕྱོགས་སུ་གནས་སྡོད་བྱེད་མཁན་བོད་པའི་གྲྭ་པ་ཀརྨ་མཁས་གྲུབ་ལགས་ཀྱི་དངུལ་སྒོར་ཧིན་སྒོར་ས་ཡ་༡༩་ལྷག་ངོ་དེབ་བརྒྱུད་ནས་གཡོ་ཁྲམ་པ་ཞིག་གི་ལག་ཏུ་ཤོར་ཡོད་ཅིང་། རྒྱ་གར་གྱི་ཉེན་རྟོག་པ་ཚོས་དྲྭ་ལམ་དུ་དངུལ་སྒོར་གཡོ་ཁྲམ་བྱེད་ཀྱི་ཡོད་པའི་གནད་དོན་དེར་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། དངུལ་སྒོར་གཡོ་ལེན་པ་ནི་ཨ་མི་རི་ཀའི་དམག་ཞབས་ཟུར་པ་རོ་ལན་ཌི་མཱི་ཤལ་ཟེར་པ་ཡིན་ཟེར་ཀྱང་དོ་བདག་ངོ་སུ་ཡིན་རྩད་དཀའ་བ་ཞིག་ཏུ་གྱུར་ཡོད་པ
དེང་སྐབས་བོད་ནང་གི་དགོན་པ་ཆེ་གྲས་སུ་གྱུར་པའི་ཡ་ཆེན་ཨུ་རྒྱན་བསམ་གཏན་གླིང་ལ་རྒྱ་ནག་གཞུང་གིས་སླར་ཡང་དམ་དྲག་བྱས་ནས་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་ཕུད་བཏང་སྟེ་ཛ་དྲག་གི་གནས་ཚུལ་ཞིག་འབྱུང་བཞིན་པའི་སྐད་ཆ་ཞིག་ཕྱི་ལ་ཁྱབ་ཡོད་པའི་སྐོར།
འདས་པའི་ཉི་མ་གཉིས་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཞུགས་སྒར་དྷ་རམ་ས་ལ་ནས་བོད་མི་དམངས་སྤྱི་འཐུས་བཞི་ཕྱོགས་ཕེབས་གནང་ཡོད་ཅིང་། ཁོ་ཚོས་ཕྱི་ཚེས་༡༨་དང་༡༩་གཉིས་ལ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གི་འགོ་ཁྲིད་ཚོར་མཇལ་འཕྲད་གནང་སྟེ། ཨ་རིའི་གཞུང་དམངས་གཉིས་ཀྱིས་སྔར་བཞིན་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཡོད་པའི་འབོད་སྐུལ་དང་བོད་ནང་གི་ཛ་དྲག་གི་གནས་སྟངས་སྙན་སེང་། ད་དུང་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་པ་ཚོར་ཐུག་འཕྲད་གནང་ཡ
མང་སྣོན།