རྒྱ་གར་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་འཕྲོད་བཞེས་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་མ་འོངས་པར་མགོན་པོ་གང་ཉིད་ལྡི་ལི་གསར་པར་སྐུ་གཟུགས་བརྟག་དཔྱད་གནང་དུ་ཕེབས་དགོས་བྱུང་ཚེ། རྒྱ་གར་རྒྱལ་ཡོངས་གསོ་རིག་སྨན་ཁང་ཆེན་མོར་གྲ་སྒྲིག་ཆ་ཚང་ཞུ་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་པའི་སྐོར།
བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པས་ཁོ་རང་བཙོན་ཁང་དུ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཐུག་འཕྲད་བྱེད་རྒྱུར་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་གཅིག་ལྷག་རིང་འགོག་རྐྱེན་སྣ་ཚོགས་བཟོས་ནས་ཐུག་མི་ཐུབ་པ་བཟོས་པ་རེད་ཅེས་བརྗོད་པའི་སྐོར།
༄༅།།ཀེ་ན་ཌའི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པས་དབུ་ཁྲིད་དེ་རེས་གཟའ་ཟླ་བའི་ཉིན་གྲོས་ཚོགས་ནང་བོད་ཀྱི་ཉིན་མོ་སྲུང་རྩི་ཞུ་བའི་མཛད་སྒོ་ཞིག་འཚོགས་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ལ་བཅར་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་གནང་ཡོད།།
རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་༡༢ ཉིན་གྱི་སྔ་ཐོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། མགོན་པོ་མཆོག་གི་ད་རེས་ལྡི་ལིའི་ནང་གི་ཉིན་བཞིའི་རིང་གི་མཛད་འཆར་ཁྲོད་གཙོ་བོ་གཅིག་ནི་ཕྱི་ཚེས་༡༥ཉིན་འཚོག་རྒྱུའི་ཁ་ཆེའི་ལྷན་ཚོགས་ཤིག་གི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་དེ་རེད་འདུག གསར་འགྱུར་རྒྱས་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་ལྡི་ལི་ནས་བཏང་པའི་གནས་ཚུལ་དེ་གསན་རོགས།།
ཤེལ་དཀར་མངའ་ཞབས་ཀྱི་བརྟན་བཞུགས།
ས་ག་ཟླ་བའི་དུས་ཆེན་དང་བསྟུན་ནས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་ལྡི་ལིར་ཡོད་པའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་དགེ་བཤེས་བློ་བཟང་ཟླ་བ་དང་སྐར་རྩིས་པ་བསྟན་འཛིན་སྙན་གྲགས་རྣམ་གཉིས་ལ་ས་ག་ཟླ་བའི་དུས་ཆེན་ཐད་དུ་བཅར་འདྲི་ཞུས་ཡོད།།
བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༧་པ་ཕྱི་ཚེས་༡༡་ནས་འགོ་འཛུགས་ཀྱིས་འདི་ཟླའི་ཚེས་༡༦་བར་དུ་ཉིན་༦་ལ་འཚོགས་ཀྱི་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཏུ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པ་རྣམས་འོས་འདེམས་བྱ་དགོས་པ་སོགས་ཀྱི་སྐོར།
བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་པའི་གོ་སྒྲིག་འོག་ཏུ་ཕྱི་ལོ་༢༠༡༩་ལོའི་ རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་པོ་ལོའི་འགྲན་སྡུར་ཐེངས་༢༥ པ་དེ་ འདས་པའི་ཉིན་༡༡་གི་རིང་ལ་རྡ་ས་བོད་ཕྲུག་བོད་ཁྱིམ་སྡེའི་རྩེད་ཐང་དུ་ཚོགས་ནས་མཐའ་མའི་མོན་གྷོ་ཌིའི་རུ་ཁག་ལ་རྒྱལ་ཁབ་ཐོབ་ཡོད་ཅིང་།
ཁེ་ན་ཌའི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱ་དགོས་པ་དང་། དེ་བཞིན་བོད་ལ་འགྲོ་སྐྱོད་ཐོབ་ཐང་འདྲ་མཉམ་ཡོང་ཐབས་སུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་ཀྱི་འདུག་ཅེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེས་ཁེ་ན་ཌའི་གྲོས་ཚོགས་གོང་མའི་ཉན་ཞིབ་ཚོགས་འདུའི་ཐོག་ཏུ་གཏམ་བཤད་གནང་ཡོད་པའི་སྐོར།
༧གོང་ས་མཆོག་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར།
མང་སྣོན།