༄༅།། དེ་རིང་༢༠༡༩་ལོའི་ཕྱི་ཟླ་༡༡་པའི་ཚེས་༢༧་ནས་ཚེས་༢༩་བར་དུ་ཉིན་གསུམ་རིང་ལ་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་ཆོས་ཚོགས་ཚོགས་ཆེན་ཐེངས་༡༤་པ་དབུ་འཛུགས་གནང་ཡོད་ཅིང་། ཐེངས་འདིའི་ཚོགས་ཆེན་ཐོག་ཏུ་བོད་མི་སྤྱི་ཡོངས་ཀྱིས་༧གོང་ས་སྐུ་ཕྲེང་༡༤་པ་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཁྲིམས་འཕེར་ཡིག་ཆ་གཏན་འབེབས་དང་དམིགས་བསལ་གྲོས་ཆོད་ཅིག་འཇོག་རྒྱུ་ནི་དུས་ཀྱི་དགོས་མཁོར་གཟིགས་ཀྱི་ཡོད་པའི་སྐོར།
༧སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་དགོངས་པ་རྫོགས་པ།
ཆོས་འབྲེལ་མཛད་འཕྲིན།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་བའི་དམིགས་བསལ་གྲོས་ཆོད།
སྙན་གྲགས་ཆེ་བའི་སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་དེ་རིང་༢༠༡༩་ལོའི་ཕྱི་ཟླ་༡༡་པའི་ཚེས་༢༦་གི་སྔ་དྲོར་བཞུགས་སྒར་རྡ་རམ་ས་ལའི་རང་ཤག་ཏུ་དགུང་གྲངས་༩༢་ཐོག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དམ་པ་དེ་ཉིད་ནི་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ཨང་བཞི་པ་པདྨ་ཤྲཱི་ཐོབ་མྱོང་མཁན་བོད་པ་གཅིག་པུ་དེ་ཡིན་ཞིང་། ཁོང་གི་སྐུ་ཚེ་ཧྲིལ་པོར་བཙན་བྱོལ་སྤྱི་ཚོགས་སུ་བོད་ལུགས་སྨན་བཅོས་གོང་འཕེལ་བཏང་ནས་མཛད་རྗེས་ཆེན་པོ་བཞག་ཡོད་པ་སོགས་ཀྱི་སྐོར།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེངས་འདིའི་རྒྱ་གར་རྒྱལ་ས་ལྡི་ལི་དང་མ་ཧ་ར་ཤི་ཊི་ར་མངའ་སྡེ་གཉིས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་ཕྱི་ཚེས་༢༥་སྔ་ཐོག་ཆུ་ཚོད་༩་པའི་སྟེང་དུ་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་ཡོད་པའི་སྐོར།
འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལེན་ཆཱི་ལི་ནི་བོད་པ་ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ་ཡིན་ཞིང་། ཨ་ཉ་སེང་སྒྲར་ནག་ཉེས་ཡོད་ཅེས་ངོས་ལེན་དང་ཁྲིམས་ཡིག་རྫུན་མ་བཟོ་དགོས་ཞེས་ས་གནས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་རྩོད་པར་ངན་སྐུལ་བྱེད་བཞིན་པ་རེད། ཚེས་༡༩་ཉིན་པེ་ཅིན་དུ་གནས་འཁོད་ཁྲིམས་རྩོད་པ་ལེན་ཆཱི་ལིས་རང་གི་ཊོས་ཊར་དྲྭ་ལམ་དང་ཐོབ་ཐང་སྲུང་སྐྱོབ
ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་༡༨་ཉིན་རྒྱ་ནག་གཞུང་གིས་སླར་ཡང་རྫ་དབོན་པོར་གྲྭ་པ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་རོམ་ཙམ་ཐོན་ཡང་སྐབས་དེར་གསར་འགྱུར་ཁ་གསལ་ཞིག་ཤེས་རྟོགས་ཐུབ་མེད་ཅིང་། དེ་རིང་ཕྱི་ཚེས་༢༢་ཉིན་གནས་ཚུལ་ཁ་གསལ་ཤེས་རྟོག་བྱུང་བ་ལྟར་ན་ཕྱི་ཚེས་༡༨་ཉིན་འཛིན་བཟུང་བྱས་པའི་གྲྭ་པ་དེའི་མཚན་ལ་ཉི་མེས་ཟེར་པ་དང་རྫ་དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་པ་ཡིན་འདུག
རྒྱ་གར་གྱི་སྲིད་འཛིན་གཉིས་པའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར།
རྫ་དབོན་པོར་བོད་རང་བཙན་གྱི་ལས་འགུལ་དང་འཛིན་བཟུང་།
ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་བལ་ཡུལ་གཞུང་གིས་ཡུལ་དེར་གནས་འཁོད་བོད་པ་བཙན་བྱོལ་བའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་ཅིང་། ཟླ་བ་འདིའི་ཚེས་༨་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཊོམ་ལཱན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཁང་གི་གཙོ་འཛིན་ཇཱེམ་སི་མེཀ་གྷ་ཝྭན་དང་གཙོ་འཛིན་ཁེ་རི་སི་སི་མཱི་ཐེ་གཉིས་ཀྱིས་བལ་གྱི་གཞུང་ཚབ་པ་ཨཱར་ཇུན་ཀུ་མར་ཀར་ཀི་ལ་ཡི་གེ་བཏང་སྟེ།
དེ་རིང་ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༢:༣༠ ཡས་མས་སུ་རྒྱ་གཞུང་གིས་ཆ་བགོས་བྱས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་། རྫ་སྨད་ཞང་ཁོངས་སུ་བསྡུས་པའི་རྫ་དབོན་པོ་ཡུལ་ཚོར་བསྐྱར་དུ་དབོན་པོ་སྡེ་བའི་ཡུལ་མི་ཡོན་ཏན་ཟེར་བ་ཞིག་དང་། ཆོས་རྒྱལ་ཟེར་བའི་མི་སྐྱ་ན་གཞོན་གཉིས་ཀྱིས་དབོན་པོ་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་བོད་རང་བཙན་གྱི་ཡིག་ཆ་གཏོར་ཞོར་དུ་བོད་རང་བཙན་ཡིན་ཞེས་སྐད་འབོད་བྱས་པའི་རྗེས་སུ་འཛིན་བཟུང་བྱས་འདུག
མང་སྣོན།