བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདི་ཟླའི་ཚེས་༡༦་ནས་༡༨ བར་དུ་ཉི་མ་གསུམ་གྱི་རིང་དུ་ལཱ་ཊི་ཝྭི་ཡའི་དད་ལྡན་ཆོས་ཞུ་བ་ཚོར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་རྡོ་རྗེ་གཅོད་པའི་བཀའ་དབང་།
ཨ་མི་རི་ཀའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ ཨ་མི་རི་ཀའི་གྲོང་ཁྱེར་ཆེ་མོ་ནིའུ་ཡོག་གི་ནང་ རྒྱལ་བའི་བཀྲིན་རྗེས་དྲན་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་གཉིས་པ་དེ་གོ་སྒྲིག་གནང་གི་ཡོད་པ་དང་ ཕྱི་ཟླ་༦པའི་ཚེས་༣༠ནས་༧པའི་ཚེས་༡བར་བྱ་རྒྱུའི་འགྲན་བསྡུར་དེའི་ནང་ བྱང་ཨ་མི་རི་ཀའི་ཁུལ་དུ་ཡོད་པའི་བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་༡༣མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།
གཟའ་སྤེན་པའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་ཡུ་རོབ་ཀྱི་རུ་སོག་དང་བྷོལ་ཊིཀ་རྒྱལ་ཁབ་ཁག་གི་ནང་པ་ཚོར་གསུང་ཆོས་གནང་སྟེ། གསུང་ཆོས་གོ་སྒྲིག་པ་ཚོས་གསུངས་ན་ཐེངས་འདིའི་གསུང་ཆོས་དེར་གཙོ་བོ་ཨུ་རུ་སུའི་ཆོས་ཞུ་བ་གཙོས་མི་སྟོང་ཕྲག་བཞི་ལྷག་འདུས་ཡོད་པའི་སྐོར།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐུ་ཝེ་ཎི་ཡར་ཆིབས་བསྒྱུར་བསྐྱངས་ནས་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་སྤྱི་ཚེས་༡༥་ཉིན་༧གོང་ས་མཆོག་སྟོན་འཁོར་རྣམས་ལི་ཐུ་ཝེ་ཎི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ལ་ཊི་ཝྭི་ཡའི་རྒྱལ་ས་རི་གྷ་གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་ཡོད་ཅིང་།
དེ་སྔོན་རྒྱ་ནག་སྲིད་འཛིན་ཡུ་རོབ་རྒྱལ་ཁབ་ཌན་མག་ལ་རྒྱལ་དོན་ འཚམས་འདྲིར་ཕེབས་དུས་ཌན་མག་གི་བདེ་འཇགས་ཉེན་རྟོག་པ་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱེད་མཁན་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོར་དམ་དྲག་ཤུགས་ཆེན་བྱས་པར་ཌན་མག་གཞུང་གིས་ཞིབ་འཇུག་གཏིང་ཟབ་ཅིག་བྱ་རྒྱུའི་ཐག་གཅོད་བྱས་པར་ཌན་མག་གི་བོད་དོན་རྒྱབ་སྐྱོར་པ་ཚོས་དགའ་བསུ་ཞུས་ཡོད་པའི་སྐོར།
རྒྱ་གར་ལྷོ་ཕྱོགས་སུ་ཕྱག་བཏབ་པའི་བཀའ་བརྒྱུད་ནཱ་ལནྡྲ་དགོན་པར་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱི་ལུགས་ལྟར་དགུངས་འཁྲུངས་༣༣་ལ་ཕེབས་པའི་འཁྲུངས་སྐར་སྔོན་བསུས་དང་སྦྲགས། འཛམ་གླིང་གི་ཁོར་ཡུག་ཉིན་མོར་སྲུང་བརྩི་ཞུས་ཡོད་ཅིང་།
ལི་ཐུ་ཝི་ཡ་དང་ལ་ཏི་ཝི་ཡ་རུ་ཆིབས་སྒྱུར་དང་མཛད་འཕྲིན།
འཛམ་གླིང་ཁོར་ཡུག་ཉིན་མོ་དང་ཀརྨ་པའི་འཁྲུངས་སྐར་སྲུང་བརྩི།
ཁེ་ན་ཌའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ།
དྷ་རམ་ས་ལར་༧གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་བྷོལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་ལི་ཐུ་ཝེ་ཎི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་པ་ཚོར་རྒྱལ་ཁབ་དེའི་གཞུང་དམངས་གཉིས་ཀས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ངོས་ནས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་ཅིང་།
ཁེ་ན་ཌའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཞུ་བ།
མང་སྣོན།