བོད་དུ་གཉེན་འཕྲད་སྐབས་བཙོན་བཅུག
ཇར་མན་གྱི་སྣུམ་འཁོར་བཟོ་ཚོང་ཁང་གི་གྲགས་ཅན་མོ་ཊ་Mercedez Benz ཡིས་Intragram ཟེར་སྤྱི་ཚོགས་དྲ་ཚིགས་ཐོག་༧གོང་ས་མཆོག་གི་བཀའ་སློབ་ཐུང་ངུ་ཞིག་ལུང་འདྲེན་བྱས་ཏེ་དྲ་ཚིགས་ཐོག་བཞག་པ་དེར་རྒྱ་ནག་གཞུང་དམངས་གཉིས་ལ་དགོངས་སེལ་ཐེངས་གཉིས་པ་ཞུས་ཡོད་པ་དང་། བྱེད་ཕྱོགས་འདིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་ཚོང་ལས་ཁང་དང་རྒྱ་ནག་གཞུང་གཉིས་ཀར་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དེང་སྐབས་ལྷོ་ཨ་ཧྥི་རི་ཀར་ཆེས་ཐོག་མར་ཕེབས་ཡོད་ཅིང་། སྤྱི་ཚེས་༨་ཉིན་ལྷོ་ཨ་ཧྥི་རི་ཀའི་སྲིད་དོན་པ་ཚོགས་པ་ཁག་གི་གནད་ཡོད་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྲིད་སྐྱོང་ལ་མཇལ་འཕྲད་ཀྱིས་བོད་དོན་ཐད་དུ་གྲོས་བསྡུར་ལྷུག་པོ་གནང་ཡོད་པའི་སྐོར།
ཐེ་ཝན་དུ་ཡོད་པའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་ལོ་ལྟར་ཐེ་ཝན་མི་མང་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་བོད་དང་བོད་པའི་གནས་སྟངས་དྲིལ་བསྒྲགས་བྱེད་པའི་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་བཞིན་ད་ལོའི་ལས་འགུལ་དེ་ཕྱི་ཟླ་༢་པའི་ཚེས་༧་སྟེ། གཟའ་ལྷག་པའི་ལྷག་དཀར་ཉིན་མོར་སྟབས་བསྟུན་ནས་དབུ་འཛུགས་གནང་ཡོད་ཅིང་།
ཡུ་རོབ་རྒྱལ་ཁབ་ཧྥ་རན་སིར་གནས་སྡོད་བོད་པ་དང་ཡུལ་མི་མཉམ་འབྲེལ་ཐོག་ཏུ་བོད་ཡིག་དང་ཧྥ་ཡིག་གཉིས་ཀར་སྤེལ་པའི་བོད་ཀྱི་ཡིག་ཟམ་ཞེས་པའི་ཟླ་རེའི་གསར་ཤོག་ཅིག་དཔར་སྐྲུན་དང་འགྲེམ་སྤེལ་བྱེད་འགོ་ཚུགས་ཡོད་ཅིང་། ད་ལྟ་རྒྱལ་ས་ཕེ་རེ་སིའི་དཔེ་མཛོད་ཁང་ཁག་ཅིག་དང་ཚགས་པར་བཙོང་ས་ཁག མེ་འཁོར་འབབ་ཚུགས་བཅས་སུ་བོད་ཀྱི་ཡིག་ཟམ་ཚགས་པར་ཚོང་འགྲེམ་བྱེད་བཞིན་པ་རེད།
རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་གློད་གྲོལ་བཏང་བ།
འཇར་མན་གྱི་སྣུམ་འཁོར་ཚོང་གཉེར་ཁང་Mercedez-Benz ཡིས་Intragram སྤྱི་ཚོགས་དྲ་ཚིགས་སྟེང་༧གོང་ས་མཆོག་གི་བཀའ་སློབ་ཐུང་ངུ་ཞིག་བཞག་པ་དེ་ཕྱིར་འཐེན་བྱས་ནས་རྒྱ་མི་རིགས་ལ་དགོངས་སེལ་ཞུས་པར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མི་སྒེར་པ་མང་པོས་ཚོང་གཉེར་ཁང་དང་རྒྱ་ནག་གཞུང་གཉིས་ཀར་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་
བོད་ཀྱི་སྲིད་དོན་བཙོན་པ་ཟུར་པ་སོག་མཁར་བློ་གྲོས་རྒྱ་མཚོས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་རྒྱུའི་བརྙན་པར་ཞིག་བརྒྱུད་ལམ་ཁག་ཏུ་འགྲེམ་སྤེལ་བྱས་ཏེ། ཁོང་གིས་ལྷ་སའི་ཕོ་བྲང་པོ་ཆེན་པོ་ཏ་ལའི་མདུན་དུ་ཞི་བའི་སྐད་འབོད་བྱས་པའི་རྗེས་སུ་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་འཛིན་བཟུང་བྱས་ནས་སོག་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་པའི་གནས་ཚུལ་ཐོན་ཡོད་ཅིང་།
ལོ་འདིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེགས་རྟགས་དེ་ཉིད་རྒྱལ་ས་ཝ་ཤིང་ཊོན་གྱི་བོད་དོན་རྒྱབ་སྐྱོར་པ་རྙིང་པ་ཞིག་སྟེ། བོད་པ་ཚོས་ཡོངས་གྲངས་སུ་ཨ་མ་གྷེ་རེ་སི་ཞེས་འབོད་པ་དེ་ལ་འབུལ་རྒྱུ་དང་། ཨ་མ་གྷེ་རི་སི་གཅིག་པུས་ལོ་བཅུ་ཐམ་པའི་རིང་དུ་བདུན་ཕྲག་རེའི་གཟའ་པ་སངས་ནམ་ཡིན་ལ་རྒྱུན་ཆད་མེད་པར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་འཕྱར་ནས་ཞི་བའི་ངོ་རྒོལ་བྱས་ཡོད་པའི་སྐོར།
བཙན་པོའི་སྙིང་སྟོབས་ཞེས་པའི་སྒེར་གཉེར་དུས་དེབ་ཅིག་གི་རྩོམ་སྒྲིག་པ་དང་རྩོམ་པ་པོ་གཅིག་ལྕོགས་འགར་རྩེ་འཇིགས་མེད་ལོ་ལྔའི་ཡར་སྔོན་དུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་པའི་ནག་ཉེས་བཙུགས་ནས་ལོ་ལྔར་བཙོན་འཇུག་གི་ཁྲིམས་ཐག་བཅད་ཅིང་། ད་ལྟ་འགར་རྩེ་འཇིགས་མེད་ཀྱི་བཙོན་འཇུག་ལོ་དུས་ཡོངས་སུ་ཚང་སྟེ་གློད་གྲོལ་བཏང་རུང་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ལ་ཞུགས་མི་ཆོག་པ་དང་གང་འདོད་དུ་འགྲོ་སྐྱོད་བྱ་མི་ཆོག་པ། དགོན་པར་ཕྱིར་ལོག་བྱ་མི་ཆོག་པ་བཅས་ལོ་གཅིག་གི་རིང་
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གཉིས་ཕྱིར་འཐེན་གནང་འདུག དེ་ཡང་ཕྱི་ཟླ་༢་ཚེས་༡་ཉིན་དགའ་ལྡན་ཕོ་བྲང་གི་ཡིག་ཚང་གིས་གསལ་བསྒྲགས་སྤེལ་པ་ལྟར་ན་༧གོང་ས་མཆོག་འབྲས་ལྗོངས་དང་ཨོ་གླིང་ལ་ཆིབས་སྒྱུར་གནང་འཆར་ཡོད་པའི་མཛད་འཆར་ཁག་ཕྱིར་འཐེན་བྱས་ཡོད་པའི་སྐོར།
སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་འཕྲད།
མང་སྣོན།