སྐད་འཕྲིན་དང་བོད་ནས་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་པ་ལྟར་ན་སྤྱི་ཟླ་༢ཚེས་༡༧་གྱི་དགོང་མོའི་ཆུ་ཚོད་༧་ཡས་མས་སུ་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་ལ་མེ་སྐྱོན་ཆེན་པོ་བྱུང་ཡོད་ཅིང་། མེ་སྐྱོན་བྱུང་ས་གཙོ་བོ་གཙུག་ལག་ཁང་གི་རྒྱབ་ལོགས་སུ་ཡིན་པས་ལྷ་སའི་ཇོ་བོ་རིན་པོ་ཆེའི་སྐུ་དང་དེ་མིན་གྱི་རྩ་ཆའི་སྐུ་གསུང་ཐུགས་རྟེན་ལ་མེ་སྐྱོན་བྱུང་མེད་ཚུལ་བརྗོད་ཀྱང་ཨ་རི་རླུང་འཕྲིན་ཁང་གིས་དེ་ལ་ངེས་གཏན་བྱ་མི་ཐུབ་པ་དང་།
སྐད་འཕྲིན་དང་བོད་ནས་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་པ་ལྟར་ན་སྤྱི་ཟླ་༢ཚེས་༡༧་གྱི་དགོང་མོའི་ཆུ་ཚོད་༧་ཡས་མས་སུ་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་ལ་མེ་སྐྱོན་ཆེན་པོ་བྱུང་ཡོད་ཅིང་། གསར་འགྱུར་མཁོ་སྤྲོད་པ་མཁོ་ཁག་ཅིག་གིས་མེ་སྐྱོན་བྱུང་ས་གཙོ་བོ་གཙུག་ལག་ཁང་གི་རྒྱབ་ལོགས་སུ་ཡིན་པས་ལྷ་སའི་ཇོ་བོ་རིན་པོ་ཆེའི་སྐུ་དང་དེ་མིན་གྱི་རྩ་ཆའི་སྐུ་གསུང་ཐུགས་རྟེན་ལ་མེ་སྐྱོན་བྱུང་མེད་ཚུལ་བརྗོད་
བོད་ཀྱི་ལོ་གསར་དགའ་སྟོན།
གྲོས་ཚོགས་སུ་བོད་དོན་ཉན་ཞིབ་འཚོགས་པ།
འཇིགས་བྲལ་གློག་བརྙན་བཟོ་མཁན་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་གི་ཉན་ཞིབ་ཚོགས་འདུར་ཕེབས་ཏེ་རང་ཉིད་ཐོག་མར་བཙོན་དུ་ཚུད་སྟངས་དང་བཙོན་ཁང་དུ་དཀའ་སྡུག་མྱངས་པའི་རྒྱུད་རིམ། དེ་བཞིན་བཙོན་གློལ་ཐོབ་པའི་རྗེས་སུའང་དམ་དྲག་ཤུགས་ཆེན་འོག་ཏུ་འཚོ་གནས་བྱ་དགོས་པ་བྱུང་བའི་མྱོང་བ་རྣམས་སྙན་སེང་ཞུས་ཡོད་པའི་སྐོར།
བོད་ཀྱི་ལོ་གསར་སྔ་ནུབ་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཞིས་བྱེས་གཉིས་སུ་འཁོད་པའི་བོད་པ་ཚོར་བོད་རྒྱལ་ལོ་༢༡༤༥། རབ་གནས་ས་ཁྱིའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ལ་འཚམས་འདྲི་ཞུས་ཡོད་པའི་སྐོར།
བོད་ས་ཁྱི་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།
བོད་ཟླ་བཅུ་གཉིས་པའི་ཚེས་༢༩་ཉིན་བཞུགས་སྒར་དྷ་རམ་ས་ལར་རྣམ་རྒྱལ་གྲྭ་ཚང་གི་དགེ་སློང་འདུས་སྡེ་ཡིས་ཉི་ཤུ་དགུའི་གཏོར་རྒྱག་བསྐྱོན་པ་དང་། རྣམ་རྒྱལ་གྲྭ་ཚང་གི་མཁན་ཆེན་ཁྲོམ་ཐོག་རིན་པོ་ཆེ་དབུ་བཞུགས་ཐོག་བོད་རྒྱལ་ལོ་༢༡༤༥་ས་ཁྱི་ལོའི་ནང་གནོད་འགོག་གདོན་སྐྲོད་ཀྱི་ལོ་འཁོར་མཛད་སྒོ་གནང་བ་རེད།།
སྲིད་སྐྱོང་མཆོག་གི་ལྷོ་ཨཕྷེ་རི་ཀར་གཞུང་འབྲེལ་ཕྱོགས་བསྐྱོད།
བོད་རང་བཙན་གསལ་བསྒྲགས་ཀྱི་དུས་དྲན།
༧གོང་ས་མཆོག་གིས་ཇིའུ་མི་རིགས་སློབ་ཕྲུག་ཚོར་བཀའ་སློབ་གནང་པ།
བོད་ནང་གི་དངོས་བྱུང་གློག་བརྙན་བཟོས་རྗེས་རྒྱ་ནག་གཞུང་གིས་བཙོན་བཅུག་བྱས་པའི་དོན་གྲུབ་དབང་ཆེན་ལགས་ཀྱིས་ཚེས་༡༢ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གཞུང་འབྲེལ་མི་སྣ་ཁག་ཅིག་མཇལ་འཕྲད་གནང་སྟེ་བོད་ནང་གི་གནས་སྟངས་སྐོར་སྙན་སེང་ཞུས་ཡོད་པའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
མང་སྣོན།