བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་དང་འདས་པའི་ལོ་གཉིས་རིང་བཀག་ཉར་བྱས་པའི་བཀྲ་ཤིས་དབང་ཕྱུག་ལགས་ལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་ཞུ་བ་ཞིག་གིས་ཁྲིམས་བཤེར་བྱས་པ་དང་། སྐབས་དེར་ཁོང་གི་ཁྲིམས་རྩོད་པ་ལཱིང་ཞོ་ཅུན་ཀྱང་སྐྱེ་རྒུ་མདོའི་ཁྲིམས་རར་སླེབས་ཏེ་དག་འབུད་བྱས་པའི་སྐོར།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དང་བླངས་ཞབས་ཞུ་བ་༨༠་ལྷག་གིས་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་གནང་བའི་རིང་དེར་མི་མང་ཆོས་ཞུ་བ་ཁྲི་ཚོ་འགའ་ཞིག་འདུས་ཡོད་དེ་དག་གི་ཆེད་དུ་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་དོན་ཁག་ཅིག་སྒྲུབ་བཞིན་ཡོད་པའི་སྐོར།
ཕྱི་ཟླ་དང་པོའི་ཚེས་ལྔ་སྟེ། གཟའ་པ་སངས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་མི་མང་ཆོས་ཞུ་བ་ཁྲི་ཚོ་འགའ་ཞིག་ལ་ཉིན་གསུམ་གྱི་གསུང་ཆོས་དབུ་འཛུགས་གནང་ཡོད་པའི་སྐོར།
སྐད་ཡིག་སྲུང་སྐྱོབ་པའི་གནས་སྟངས་ལ་རྒྱལ་སྤྱིའི་དོ་སྣང་།
ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས།
བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་བཤེར།
གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཟེར་པའི་མི་དམངས་འབྲིང་རིམ་ཁྲིམས་ཁང་ལ་ཉེས་དོན་གཏུག་བཤེར་གྱི་སྐབས་སུ་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་ཐག་གཅོད་རྒྱུ་ཕར་འགྱངས་བཏང་སྟེ། ད་བར་ལོ་གཉིས་ཀྱི་རིང་དུ་དོ་བདག་ལ་ཁྲིམས་ཐག་མ་བཅད་པར་བཀག་ཉར་འོག་ཏུ་བཞག་པའི་གནས་སྟངས་དེར་འགྱུར་བ་མེད་པར་སོར་གནས་ཡིན་འདུག
རྒྱ་ནག་གཞུང་གི་འཛིན་བཟུང་འོག་ཡོད་པའི་བོད་ནང་གི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གི་ཁྲིམས་ཁང་ནས་ཕྱི་ཚེས་༤ཉིན་མོ་ཁྲིམས་ཐག་བཅད་ཀྱི་ཡོད་པའི་གནས་ཚུལ་འཐོན་གྱི་ཡོད་པས་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གི་གཞུང་ཚབ་ཁང་ཁག་ལ་ཁ་པར་བཏང་ནས་ཁོང་ལ་དྲང་བདེན་གྱི་ཁྲིམས་གཅོད་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་གནང་བཞིན་ཡོད་པའི་སྐོར་
དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་བཙན་བྱོལ་ནང་གི་གཏན་སློབ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་ཚོར་འགོ་ཁྲིད་ཀྱི་ཟབ་སྦྱོང་ཞིག་༢༠༡༣ ལོ་ནས་དབུ་འཛུགས་གནང་ཡོད་པ་བཞིན་ད་ལོའི་འཛིན་རིམ་བཅུ་པའི་འགོ་ཁྲིད་ཀྱི་ཟབ་སྦྱོང་དེ་ཕྱི་ཟླ་༡༢པའི་ཚེས་༢༧ནས་དེི་རིང་བར་འཚོགས་ཡོད་པ་དེར་གྲུབ་འབྲས་གང་ཙམ་འཐོན་ཡོད་མིན་སོགས་ཀྱི་སྐོར་
རྒྱ་གར་གྱི་ཧིན་རྡུ་སི་ཐན་གསར་ཤོག་ལ་གནས་ཚུལ་ཐོན་པར་གཞིགས་ན་རྒྱ་གར་གཞུང་གིས་༧གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་ཀྱི་དམ་དྲག་ཆེ་རུ་བཏང་ཡོད་ཅིང་། དེང་སྐབས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་གྱི་སྐུ་སྲུང་ཉེན་རྟོག་པ་ཧ་ཅང་མང་པོ་ཞིག་འགྲེམ་འཇོག་བྱས་པའི་གྲས་ཀྱི་འགའ་ཞིག་རང་ཉིད་གོ་སྒྲིག་བྱས་པའི་ས་གནས་སུ་མ་བསྡད་པར་ལས་འགན་འཐུས་ཤོར་སོང་བ་ཤེས་རྟོགས་བྱུང་སྟེ། རྒྱ་གར་གྱི་ཉེན་རྟོག་པ་༡༣་གནས་སྐབས་རིང་ལས་གནས་ནས་ཕྱིར་འཐེན་བྱས་ཡོད་པའི་སྐོར།
༧གོང་ས་མཆོག་ཝ་ར་ཎ་སིའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དུས་སྟོན་ཐོག་དབུ་བཞུགས་གསུང་བཤད་གནང་པ།
༧གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་པ།
མང་སྣོན།