གསར་འགྱུར་བརྒྱུད་ལམ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། བོད་པ་དགེ་འདུན་པ་ཞིག་དང་མི་སྐྱ་གཉིས་བཅས་བོད་མི་གསུམ་གྱིས་ཕྱི་ལོ་༢༠༡༦་ནང་རང་ལུས་མེར་སྲེག་གནང་བ་དང་། བཙུན་མ་གསུམ་གྱིས་ཆོས་ལུགས་དད་མོས་རང་དབང་ལ་དམ་དྲག་བྱས་པ་ནང་དུ་ཚུད་པའི་སྲིད་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་རང་སྲོག་བཅད་པའི་གནས་ཚུལ་སྤེལ་ཡོད། ༢༠༡༦་ལོའི་ཕྱི་ཟླ་བདུན་པའི་ནང་སི་ཁྲོན་ཞིང་ཞིང་ཆེན་གྱི་གཞུང་ཕྱོགས་མི་སྣས་ནང་ཆོས་སློབ་གཉེར་ཁང་བླ་རུང་སྒར་གྱི་གྲྭ་ཤག་ཉིས་སྟོང་ལྷག་བ
སུད་ཌེན་གྱི་གྲོས་ཚོགས་སུ་ད་ལོ་གསར་དུ་ཚུགས་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་འབྱོར་ཡོད་ཅིང་། ཁོང་ཚོས་བཙན་བྱོལ་བོད་གཞུང་གི་གནས་སྟངས་ཤེས་རྟོགས་ཇེ་ཆེར་ཡོང་རྒྱུའི་ཆེད་དུ་འབྲེལ་ཡོད་མི་སྣ་ཁག་ལ་ཐུག་འཕྲད་བྱས་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པའི་སྐོར།
བྱང་ཀོ་རི་ཡས་ཉི་ཧོང་གི་མཁའ་དབྱིངས་བརྒྱུད་ནས་ཞི་བདེའི་རྒྱ་མཚོའི་ནང་དུ་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱས་ཏེ། ཕྱི་ཚེས་༢༩་ཉིན་ཉི་ཧོང་གི་བྱང་ཕྱོགས་སུ་ཆགས་པའི་ཧོ་ཁེ་དྷོ་གླིང་ཕྲན་ལ་སྔོན་ཆད་བྱུང་མྱོང་མེད་པའི་བདེ་འཇགས་ཀྱི་ཉེན་ཀ་ཞིག་བྱུང་བ་དང་། ཨ་མི་རི་ཀའི་གཞུང་གིས་མ་འོངས་པར་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དེ་རྣམས་བར་སྣང་ཁམས་སུ་གཏོར་དགོས་མིན་གྱི་བསམ་གཞིག་བྱེད་ཀྱི་ཡོད་ཅིང་།
དེང་གི་མཚོ་སྔོན་ཞིང་ཆེན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྭ་རྒྱ་གྲོང་རྡལ་གྱི་ཁོངས་སུ་རི་ཉིལ་ནས་རང་བྱུང་ཁམས་ཀྱི་གོད་ཆག་བྱུང་སྟེ་མི་༩་ས་འོག་ཏུ་མནན་ཡོད་པ་མ་ཟད། ས་གནས་དེའི་རྒྱ་ལམ་དང་རྒྱུག་ཆུ་བཅས་པ་ཡོངས་སུ་འགགས་ཡོད་པའི་སྐོར།
བལ་ཡུལ་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་དང་། ཉེ་ལམ་རྒྱ་ནག་གི་མཐོ་རིམ་མི་སྣས་བལ་ཡུལ་དུ་ལྟ་སྐོར་བྱས་ཏེ་ཡུལ་གཉིས་ཕན་ཚུན་ཕྱོགས་མང་པོར་མཉམ་ལས་གོང་འཕེལ་གཏོང་བཞིན་པའི་འོག་ནས་བོད་མི་རྣམས་ལ་དཀའ་ངལ་ཇེ་ཆེར་སྤྲོད་བཞིན་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བ་དེའི་སྐོར་
སྲིད་སྐྱོང་བློ་བཟང་སེང་གེ་ཨ་རི་ལ་ཕྱོགས་སྐྱོད།
༸གོང་ས་མཆོག་གིས་དབུ་མ་རྩ་འགྲེལ་གྱི་གསུང་ཆོས་གནང་བ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ ཕྱི་ཟླ་༨པའི་ཚེས་༢༥ལྔའི་ཉིན་ནས་དབུ་འཛུགས་ཀྱིས་ཨ་མི་རི་ཀའི་ནུབ་རྒྱུད་ས་ཁུལ་ཁག་ཅིག་ལ་གཞུང་དོན་འཚམས་འདྲིར་ཕེབས་ཏེ་ ད་ལྟ་ཁུལ་དེར་མཛད་དོན་སྐྱངས་དང་སྐྱོང་བཞིན་པ་ཡིན་ཞིང་ ཚེས་༢༦ཉིན་ སྲིད་སྐྱོང་མཆོག་གིས་ཨ་མི་རི་ཀའི་མངའ་སྡེ་ཝ་ཤིང་ཊོན་གྱི་གྲོང་ཁྱེར་སི་ཨཱ་ཊལ་གྱི་ནང་ བོད་ཀྱི་དུས་སྟོན་ཐེངས་༢༢པ་དེ་དབུ་འབྱེད་མཛད་པ་དང་
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་ཉིན་གྲངས་བཞིའི་རིང་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བར་གྱུར་བའི་དད་ལྡན་མི་མང་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་བཀའ་ཁྲིད་དབུ་འཛུགས་མཛད་ཡོད་པ་དང་། དེ་རིང་འདིར་མ་སྒྲིག་ལྷུན་གྲུབ་ལྟ་བུར་དགའ་ལྡན་ཁྲི་པ་གསར་པ་ཁྲི་ཐོག་༡༠༤ རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་མཇལ་ཁ་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ།
རྒྱ་གར་དུ་ཡོད་པའི་ཨའོ་སི་ཁྲུ་རི་ཡན་གཞུང་ཚབ་ཀྱིས་བོད་མིའི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ག་དུས་ཡིན་ཡང་ཨའོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཏུ་ཕེབས་པར་དགའ་བསུ་ཡོད་ཅེས་རྒྱ་གར་གྱི་Hindu ཅེས་པའི་གསར་ལམ་དུ་བརྗོད་ཡོད་པའི་སྐོར་
སྤྱི་ཟླ་༨ཚེས་༢༦ཉིན་གྱི་དགོང་དྲོ་ནེའུ་ཡོག་ནང་བྱང་ཨ་མི་རི་ཀའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ཞིག་ཚོགས་ཡོད་པའི་སྐོར་མཛངས་མའི་དཔྱད་འདེམས་པ་ཚེ་རིང་སྐྱིད་ལགས་སུ་བཀྲིས་དབང་ཕྱུག་ལགས་ནས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
མང་སྣོན།