ད་ལྟའི་ཆར་༧གོང་ས་མཆོག་རྒྱ་ནག་ལ་ཆིབས་སྒྱུར་མཛད་རྒྱུའི་འཆར་གཞི་སོགས་གང་ཡང་མེད་པའི་གནས་ཚུལ་ཐོན་འདུག རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཨ་མར་ཨུ་ཇ་ལའི་གསར་འགོད་པས་ཚེས་༡༦་ཉིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེར་༧གོང་ས་མཆོག་རྒྱ་ནག་ལ་ཕེབས་འཆར་ཡོད་མེད་སྐོར་བཅར་འདྲི་ཞུས་པ་དང་།
བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱི་ཟླ་༡༢པའི་ཚེས་༡༥དང་༡༦-༡༧ བཅས་སོ་སོར་ ཨ་མི་རི་ཀའི་མངའ་སྡེ་ཀེ་ལི་ཕྷོར་ནི་ཡེའི་གྲོང་ཁྱེར་སེན་ཕྷི་རན་སིསེ་ཀོ་དང་ བྷར་ཁ་ལི་ དེ་བཞིན་ ཡུ་ཏྲ་མངའ་སྡེའི་གྲོང་ཁྱེར་སོལྚ་ལེག་སི་ཀྲི་བཅས་ལ་ཕེབས་ཏེ་ ས་གནས་ཀྱི་དབུ་ཁྲིད་མི་སྣ་དང་ ཁུལ་དེར་གནས་འཁོད་བོད་མི་བཅས་དང་མཇལ་མོལ་གནང་ཡོད་པའི་སྐོར་
ཡུ་རོབ་ཀྱི་ཨི་ཊ་ལི་ནས་ཡིན་པའི་བུད་མེད་པར་པ་སྒྱུ་རྩལ་བ་ཞིག་གིས་ཡུལ་གྱར་བོད་མིའི་འཚོ་བ་དང་འཐབ་རྩོད་མཚོན་པའི་(Out Of Tibet) པར་རིས་འགྲེམས་སྟོན་དང་དཔེ་དེབ་འགྲེམས་སྤེལ་བྱས་ཏེ། འཛམ་གླིང་ཡུལ་གྲུ་གང་སར་ཁ་འཐོར་བའི་བོད་མི་རྣམས་དེབ་དང་པར་རིས་གདམས་བཀོད་འདིའི་ནང་ལྷན་དུ་འཛོམས་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད།།
སྤྱི་འཐུས་ཚོགས་གཙོའི་ཨ་རིར་འཚམས་འདྲི།
སྟབས་བདེའི་བཀོལ་ཆས་གསར་པ།
བོད་ཀྱི་གཞོན་ནུ་ཚོགས་པའི་ལས་འགུལ།
དགའ་ལྡན་ལྔ་མཆོད།
དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱལ་ས་ལྡི་ལའི་བུད་མེད་ལྷན་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་རེས་གཟའ་མིག་དམར་ཉིན་ རྒྱ་ནག་གཞུང་ཚབ་ཁང་ལ་ཞུ་སྙན་ཞིག་འབུལ་ཐབས་བྱས་མོད། འོན་ཀྱང་ཁོ་ཚོ་རྒྱལ་ས་ལྡི་ལིའི་རྒྱ་གར་གྱི་ས་གནས་ཉེན་རྟོག་པས་བཀག་ཉར་བྱས་པ་དང་ཆབས་ཅིག ཉེན་རྟོག་པའི་འགོག་རྐྱེན་འོག་ཏུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཐུས་མི་ཚོར་རྒྱ་ནག་གཞུང་ཚབ་ཁང་ལ་ཞུ་ཡིག་འབུལ་རྒྱུའི་གོ་སྐབས་སྤྲད་ཕྲད་མེད་པའི་སྐོར།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གྱི་བརྙན་འཕྲིན་གསུང་འཕྲིན་ཞིག་བསྩལ་ཡོད་ཅིང་། ལྷན་ཚོགས་ཀྱི་ཉིན་གཉིས་པར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་༡༢ ཡོད་པའི་གྲས་སུ་འོས་འདེམས་བྱུང་སྟེ།
རི་བོ་དགེ་ལུགས་པ་ཚོས་བོད་ཟླ་༡༠་པའི་ཚེས་༢༥་ཉིན་ཚོགས་མཆོད་དང་མར་མེའི་མཆོད་འབུལ། རྟེན་འབྲེལ་བསྟོད་པ་སོགས་ཞལ་འདོན་གནང་བ་མ་ཟད། སྲོག་བླུ་གཏོང་བ་བཏང་བ་སོགས་ཀྱི་སྒོ་ནས་དུས་ཚིགས་ཁྱད་པར་ཅན་དུ་གྲགས་པའི་དགའ་ལྡན་ལྔ་མཆོད་སྲུང་བརྩི་བྱེད་ཀྱི་ཡོད་སྐོར།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༢་ཚེས་༡༡་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་མོན་གྷོ་འདོད་དགུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་མཛད་ཡོད་ཅིང་། དེ་རིང་བོད་ཟླ་༡༠་པའི་ཚེས་༢༥་སྟེ། དགའ་ལྡན་ལྔ་མཆོད་ཀྱི་དུས་ཆེན་ཁྱད་པར་ཅན་འདིར་༧གོང་ས་མཆོག་གིས་དཔལ་ལྡན་འབྲས་སྤུངས་སུ་གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས་གཉིས་ཀྱི་དགེ་འདུན་པ་དང་ས་གནས་མི་དམངས་བཅས་ལ་གསུང་ཆོས་བཀའ་དྲིན་བསྩལ་ཡོད་པ་སོགས་ཀྱི་སྐོར།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་རྒྱ་གར་ལ་འཚམས་འདྲིར་ཕེབས་ཡོད་ཅིང་། ཕྱི་ཟླ་༡༢་ཚེས་༡༡་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་དང་རྒྱ་གར་གྱི་བོད་རང་བཙན་སློབ་ཕྲུག་ཚོས་པའི་ཚོགས་མི་ཚོས་བོད་ལ་རང་དབང་དགོས་ཞེས་འཁོད་པའི་ཡིག་བྱང་འཕྱར་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པ་དང་།
མང་སྣོན།