སི་པན་ཡུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ བོད་ཁང་གི་འགན་འཛིན་སྐུ་ཤོག་ཐུབ་བསྟན་དབང་ཆེན་ལགས་བཅས་ཀྱིས་ རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཛིན་གྱི་ཡོད་པའི་ཉེས་འཛུགས་བྱས་ཏེ་ སི་པན་ཡུལ་གྱི་ཁྲིམས་ཁང་ལ་དེ་སྔ་ཞུ་གཏུགས་བྱས་པར་རྒྱལ་ཁ་ཐོབ་པའི་གནས་ཚུལ་བྱུང་བ་དང་ དེ་ནས་རྒྱ་ནག་གཞུང་གིས་སི་པན་གྱི་གཞུང་ལ་གནོན་ཤུགས་སྤྲད་དེ་མཐར་ ཡུལ་དེའི་ཁྲིམས་གཞི་ལ་འགྱུར་བ་བཏང་སྟེ་ བོད་དོན་གྱོད་གཞི་དེ་བརྩི་མེད་དུ་བཏང་ཡོད་སྟབས་
ཉེ་ཆར་ཕྱི་རྒྱལ་གྱི་གསར་འགོད་པ་ལྔ་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་ཏེ་བོད་མདོ་སྨད་རྔ་པའི་ཕྱོགས་སུ་ལྟ་སྐོར་དུ་ཁྲིད་ཡོད་འདུག་ལ། གསར་འགོད་པ་དེ་ཚོའི་ནང་ནས་མི་གཅིག་གིས་ཟིན་ཐོ་ཞིག་བྲིས་ཡོད་པ་དེའི་ནང་ཁོང་ཚོར་རྒྱ་ནག་གཞུང་གིས་ལྟ་རྟོགས་དང་དོགས་ཟོན་གང་འདྲ་བྱས་མིན་གྱི་ཐད་བོད་སྐྱོད་ཟིན་ཐོ་ཞེས་པ་ཞིག་བྲིས་ཡོད་པའི་སྐོར་ཕུན་ཚོགས་ཚེ་རིང་ལགས་དང་ཚེ་རིང་སྐྱིད་ལགས་ཀྱིས་གླེང་མོལ་གནང་བ་ཞིག་གསན་རོགས་གནང་།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་ལྡི་ལི་དང་། རྒྱ་གར་ལྷོ་ཕྱོཌ་མུན་གྷཽཌ། དེ་བཞིན་གནས་མཆོག་རྡོ་རྗེ་གདན་དུ་མཛད་འཆར་རྒྱ་ཆེ་བཀྲིན་བསྐྱངས་གྲུབ་ཏེ་གང་ཉིད་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་མཛད་ཡོད་སྐོར་
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཕྱི་ཟླ་དང་པོའི་ཚེས་༢༢ རེས་གཟའ་ཉི་མའི་ཉིན་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེ་མོ་ཁག་གི་ནང་ སློབ་གཉེར་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་ལྔ་བརྒྱ་སྐོར་ཙམ་ཞིག་ལ་ གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་གསུམ་དང་འབྲེལ་བའི་ཐོག་ནས་ལམ་བསྟོན་བཀའ་སློབ་བཀྲིན་ཆེ་གནང་མཛད་ཡོད་པའི་སྐོར་
རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ཡོངས་བེུད་ཚོང་ལས་སྡེ་ཚོགས་ཀྱི་འཐུས་མི་ཉིས་བརྒྱ་ཙམ་ལ་ལམ་སྟོན་བཀའ་སློབ་བཀའ་དྲིན་སྩལ་ཡོད་པའི་སྐོར་
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་སྩལ་རྒྱུ་འཇུག་བསྒྲིལ་ལེགས་པར་གྲུབ་ཡོད་པ་ལྟར། ཁ་ས་ཚེས་༡༥་ཉིན་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེར་གནས་མཇལ་མཛད་པའི་རྗེས་དེ་རིང་ཚེས་༡༦་ཉིན་༧གོང་ས་མཆོག་མཁའ་ལམ་བརྒྱུད་དེ་ལྡི་ལིར་ཆིབ་བསྒྱུར་མཛད་ཡོད་པ་སོགས་ཀྱི་སྐོར་
རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོ་ཆེ་དགྲ་ལྷ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་གཙོ་བོར་བསྐོ་གཞག་བྱས་ཡོད་དང་ལས་གནས་དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཀྱི་ལས་གནས་མཐོ་ཤོས་ཨངས་གཉིས་པར་དངོས་འཛིན་བྱེད་ཀྱི་ཡོད་པ་རེད།
དུས་འཁོར་དབང་ཆེན་ཐེངས་༣༤པའི་ཉིན་མཐའ་མའི་ཉིན་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུལ་རིང་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པའི་སྐོར་
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤་པ་བསྩལ་བཞིན་ཡོད་པ་དང་མགོན་པོ་གང་ཉིད་ཀྱིས་བཀའ་དབང་དངོས་གཞི་དེ་རིང་གཟའ་པ་སངས་ཉིན་འཇུག་བསྒྲིལ་གནང་ཡོད་པའི་སྐོར་
དུས་དབང་ཐེངས་ ༣༤ པ་རྩལ་གནང་མཛད།
གནས་མཆོག་རྡོ་རྗེ་གདན་དུ་ཆོས་ལུགས་རིས་མེད་ཚོགས་འདུ།
མང་སྣོན།