གཟའ་ཕུར་བུ་འདིར་ཧོང་ཀོང་གི་ངོ་རྒོལ་བ་ཚོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་དེར་མྱུར་དུ་མཚན་རྟགས་འགོད་དགོས། ཨ་མི་རི་ཀས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ཁག་ལ་སྲུང་སྐྱོབ་བྱ་དགོས་ཞེས་འབོད་སྐུལ་ཞུས་ཀྱང་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་གཏན་འབེབས་བྱུང་བའི་ཁྲིམས་གཞི་དེར་སྲིད་འཛིན་ཌོ་ནལ་ཊམ་གྱིས་མཚན་རྟགས་འགོད་མི་ཆོག་ཅེས་བཤད་ཀྱི་ཡོད་ཅིང་།
ཨ་རིའི་གྲོས་ཚོགས་གོང་མས་ཧོང་ཀོང་མི་མང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་ཞུ་རྒྱུའི་ཆེད་དུ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཐོབ་ཐང་གི་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་གྱིས་གྲོས་ཆོད་གཏན་འབེབས་གནང་ཡོད་ཅིང་། རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་མོས་ངོ་རྒོལ་གྱིས་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་འབོད་འགུགས་བྱས་ནས་སྐྱོན་བརྗོད་བྱས་མོད། ཡིན་ནའང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོས་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་འཆར་གཏན་འབེབས་བྱུང་བར་དགའ་བསུ་ཞུས་ཡོད་པར་མ་ཟད།
ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེས་རེས་གཟའ་ཟླ་བའི་ཉིན་ཏེ། ཕྱི་ལོ་༢༠༡༩་ལོའི་ཟླ་བ་༡༡་པའི་ཚེས་༡༨་ཉིན་ཐེ་ལན་ཌིའི་རྒྱལ་ས་བྷན་ཁོག་ཏུ་ཤར་ཨེ་ཤི་ཡའི་མནའ་འབྲེལ་གྱི་རྒྱལ་སྲུང་བློན་ཆེན་རྣམ་པའི་ཚོགས་ཆེན་ལ་ཕེབས་པ་དེའི་བར་སེང་དུ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལ་ཐུག་འཕྲད་གྲོས་མོལ་བྱུང་ཡོད་པའི་སྐོར།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་དེང་སྐབས་སྲིད་འཛིན་ཌོ་ནལ་ཊམ་ལ་ཉེས་འཛུགས་འདྲི་ཞིབ་བྱེད་བཞིན་ཡོད་པར་བརྟེན། སྲིད་འཛིན་ཌོ་ནལ་ཊམ་གྲོས་ཚོགས་སུ་འདྲི་ཞིབ་ལ་ལན་འདེབས་དང་བདེན་དཔང་དུ་ཕེབས་དགོས་ཞེས་མགྲོན་འབོད་ཞུས་ཡོད་པའི་སྐོར།
ཨ་མི་རི་ཀར་སྤྱི་ལོ་༢༠༢༠་ལོར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱ་འཆར་ཡོད་པར་བརྟེན། ད་ལྟ་ནས་དམངས་གཙོ་ཚོགས་པའི་ཁོངས་ནས་སྲིད་འཛིན་འོས་བསྡུའི་འགྲན་བསྡུར་ལ་ཞུགས་མཁན་མང་པོ་འབྱུང་ཡོད་ཅིང་། ཁོ་ཚོའི་གྲས་ཀྱི་གཅིག་ནི་མེ་སེ་ཆུ་སེ་ཊི་མངའ་སྡེའི་སྤྱི་ཁྱབ་ཟུར་པ་ཌེ་ཝྭལ་ཕེ་ཊི་རིཀ་ཡིན་པ་དང་།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧན་རི་ཁི་སན་ཇཱར་ནི་དུས་སྔོན་མའི་ལོ་རབས་༧༠་མགོ་སྟོད་དེར་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་འཛུགས་མཁན་དང་༡༩༧༢་ལོར་སྐབས་དེའི་ཨ་རིའི་སྲིད་འཛིན་རི་ཆར་ཌི་ནིཀ་སིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཐུབ་པའི་ལམ་ཁ་གཏོད་མཁན་དེ་ཡིན་ཞིང་། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་ཧན་རི་ཁི་སན་ཇཱར་ཕྱི་འབྲེལ་མཁས་པ་དང་ཕྱི་འབྲེལ་གྱི་ཉམས་མྱོང་རྒད་པོ་ཞིག་ལ་རྩི་བཞིན་ཡོད་ཅིང་།
ཨ་རིའི་སྲིད་འཛིན་ལ་ནག་ཉེས་རྩད་གཅོད་ཡོངས་གྲགས་ཅན་ཐོག་མ།
ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཌོ་ནལ་ཊམ་ལ་ཉེས་འཛུགས་ཀྱི་ཁྲིམས་སྦྱོར་ཞིབ་འཇུག་ཆེད་དུ་གྲོས་ཚོགས་སུ་ཉན་ཞིབ་ཁག་ཡོངས་གྲགས་སུ་འགོ་འཛུགས་བྱས་ཡོད་པ་རེད། དམངས་གཙོ་ཚོགས་པས་སྟངས་འཛིན་འོག་གི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ལས་དོན་ཚོགས་ཆུང་གིས་རེས་གཟའ་ལྷག་པའི་ཉིན་མོར་མཐོ་རིམ་ཕྱི་འབྲེལ་མི་གཉིས་དང་གཟའ་པ་སངས་ཉིན་མོར་ཕྱི་འབྲེལ་མི་སྣ་གཅིག་བཅས་ཁྱོན་བསྡོམས་མི་གསུམ་ལ་ཡོངས་གྲགས་ཀྱི་དྲི་ཞིབ་གནང་རྒྱུ་ཡིན་པའི་སྐོར།
སྲིད་འཛིན་ལ་ཉེས་འཛུགས་ཞིབ་འཇུག
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ངོ་རྒོལ་ལས་འགུལ་ཁག་མཚམས་ཆད་ཀྱི་མེད་པར་བློ་འཚབ་ཆེན་པོ་ཡོད། ཧོང་ཀོང་གི་གནས་སྟངས་དེར་ཨ་མི་རི་ཀས་གཟབ་ནན་གྱིས་ལྟ་རྟོག་བྱེད་བཞིན་ཡོད། ང་ཚོས་ཕྱོགས་ཁག་ཚང་མས་དྲག་སྤྱོད་སྤེལ་གྱི་ཡོད་པར་ཁ་རྡུང་གཏོང་གི་ཡོད། ཨ་མི་རི་ཀས་ཕ་རོལ་པོའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཅི་ཡིན་ལ་མི་བལྟ་བར་དྲག་ཟིང་ཁྲོད་དུ་གནོད་འཚེ་ཕོག་པའི་མི་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད།
མང་སྣོན།