ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་དབང་ཚད་བཀོལ་སྤྱོད་ལོག་པ་བཏང་བའི་སྐྱོན་འཛུགས་ཕོག་ནས་སྲིད་འཛིན་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱེད་ཀྱི་ཡོད་པའི་རྒྱུད་རིམ་ལ་རྒྱལ་སྤྱིའི་ཐོག་ཏུ་ལྟ་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོང་གི་ཡོད་མོད། འོན་ཀྱང་འདི་ནི་ཨ་རིའི་དམངས་གཙོའི་ལམ་ལུགས་ཀྱི་ལས་དོན་སྒྲུབ་ཕྱོགས་ཤིག་ཡིན་པ་གསལ་སྟོན་བྱུང་ཡོད་པའི་སྐོར།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་ཞེས་ནན་བརྗོད་བྱས་ཡོད་པའི་སྐོར།
ཨ་མི་རི་ཀའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱིས་འདི་ཟླའི་ཚེས་༢༤་ཉིན་ཆེད་བརྗོད་ཅིག་སྤེལ་ནས་གྲོས་ཚོགས་གོང་འོག་གཉིས་ཀས་མང་མོས་ཀྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོར་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་སོང་། གལ་ཏེ་སྲིད་འཛིན་ཌོ་ནལ་ཊམ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་ན་ཁྲིམས་འཆར་དེར་མཚན་རྟགས་བཀོད་ནས་རྒྱབ་སྐྱོར་བྱ་དགོས།
ཨ་མི་རི་ཀར་སྤྱི་ལོ་༢༠༢༠་ལོར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱ་འཆར་ཡོད་པར་བརྟེན། ད་བར་དམངས་གཙོ་ཚོགས་པའི་ཁོངས་སུ་སྲིད་འཛིན་འོས་བསྡུའི་འགྲན་བསྡུར་ལ་ཞུགས་མཁན་༡༩་བྱུང་ཡོད་ཅིང་། འགྲན་རྩོད་དེར་ཞུགས་མཁན་གསར་ཤོས་ནི་ནེའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་མེ་ཁཱེལ་བྷུ་ལུམ་བྷག་ཡིན། ཁོང་གིས་གལ་ཆེར་ངོས་འཛིན་བྱེད་པའི་གནད་དོན་ཅི་ཡིན་དང་དོ་བདག་གི་ལོ་རྒྱུས་སྙིང་བསྡུས་སྐོར།
རྒྱ་ནག་གིས་ཨ་མི་རི་ཀ་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་དྲྭ་ལམ་དང་དངོས་སུ་གསང་ཉུལ་བཏང་ནས་དམག་དོན་དང་ཚོང་ལས། འཕྲུལ་རིག་ལག་རྩལ་རྣམས་རྐུ་ཐབས་བྱེད་ཀྱི་ཡོད་པར་ཨ་རིའི་གཞུང་གིས་བློ་ཚབས་ཆེན་པོ་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ནི་གནོད་འཚེ་ཅན་ཞིག་ཡིན་པའི་ངོས་འཛིན་གྱིས་ཨ་རིའི་དམག་གིས་རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ལ་བརྟག་དཔྱད་བྱས་ནས་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་སྐོར།
འབྱོར་ལྡན་པ་དང་ནེའུ་ཡོཀ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཟུར་པ་བྷུ་ལུམ་བྷག་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་ལ་མཉམ་ཞུགས་བྱ་རྒྱུུའི་གསལ་བསྒྲགས་སྤེལ་འདུག ཁོང་གིས་དྲིལ་བསྒྲགས་ལས་འགུལ་གྱི་ཆེད་དུ་ཨ་སྒོར་དུང་ཕྱུར་༡་དང་ཕྱེད་ཀ་འགྲོ་གྲོན་གཏང་འཆར་ཡོད་པས་མི་མང་གི་ལག་ནས་ཨ་སྒོར་གཅིག་ཀྱང་ཞལ་འདེབས་བསྡུ་འཆར་མེད་ཅེས་བཤད་ཡོད་པ་སོགས་ཀྱི་སྐོར།
རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་དམག་གྲུ་ཞིག་གཟའ་འཁོར་སྔོན་མར་ཐེ་ཝན་མཚོ་འགག་ཏུ་སྐོར་སྐྱོད་བྱས་པའི་རྗེས་སུ་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གི་རྒྱལ་སྲུང་དྲུང་ཆེའི་ཕྱག་རོགས་ཐེ་ཝན་ལ་མཚམས་འདྲིར་ཕེབས་ཡོད་ཅིང་། མཁས་པ་ཚོ་དང་གླེང་བརྗོད་པ་ཚོས་འཚམས་འདྲི་འདི་ནི་ཕྱི་ལོ་༡༩༧༩་ལོར་ཨ་མི་རི་ཀ་དང་ཐེ་ཝན་གྱི་ཕྱི་འབྲེལ་དང་དམག་དོན་འབྲེལ་བ་ཆད་པའི་གཞུག་གི་གལ་ཆེའི་མདུན་སྐྱོད་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར།
རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེ་མི་རིགས་ས་ཡ་གཅིག་ལྷག་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་གང་ཡང་མ་བྱས་པར་ཁ་ཁུ་སིམ་པོར་གནས་ཡོད་པ་ནི་མ་འོས་པ་ཞིག་རེད་ཅེས་ཨ་མི་རི་ཀའི་རྒྱལ་སྲུང་ཐབས་བྱུས་འདྲི་ཡུལ་གསར་པས་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་ཕྱིན་པའི་སྟབས་ཀྱིས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཕོད་ཀྱི་མེད་པ་བཅས་ཀྱི་སྐོར།
ཕྱི་ཟླ་༡༡་ཚེས་༢༠་སྟེ། རེས་གཟའ་ལྷག་པའི་དགོང་མོར་ཨ་མི་རི་ཀའི་མངའ་སྡེ་ཇཱོར་ཇི་ཡའི་གྲོང་ཁྱེར་ཨེ་ཊི་ལན་ཊར་སྤྱི་ལོ་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱེད་མཁན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་པ་བཅུས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་བགྲོ་གླེང་བྱས་ཡོད་ཅིང་།
ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་མོར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་འགན་འཛིན་བྷོ་རན་བྷེཀ་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་གསར་འགོད་ལྷན་ཚོགས་བསྐོངས་ཏེ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ཀྱི་བདག་དབང་ཐོག་ཏུ་རྒྱ་ནག་གཞུང་ལ་ཐེ་ཇུས་བྱེད་ཆོག་པའི་དབང་ཚད་མེད་ཅེས་བསྐྱར་བརྗོད་གནང་ཡོད་ཅིང་། ཁོང་གིས་རྒྱ་ནག་དམར་ཤོག་གཞུང་གིས་༧གོང་ས་ཏ་ལ་བླ་མའི་ཡང་སྲིད་ཐག་གཅོད་ལ་ཐེ་ཇུས་བྱེད་པ་ནི་ཡེ་ཤུའི་བླ་ཆེན་བསྐོ་བཞག་ལ་ཐེ་ཇུས་བྱས་པ་དང་གཅིག་མཚུངས་ཡིན་པས་
བདུན་ཕྲག་འདིར་ཨ་རིའི་གྲོས་ཚོགས་འོག་མར་འདྲི་ཞིབ་པས་སྲིད་འཛིན་ཌོ་ནལ་ཊམ་ལ་ཉེས་འཛུགས་འདྲི་ཞིབ་བྱས་ནས་གཞུང་འཛིན་ལྷན་ཁང་གི་ལས་གནས་སུ་ཡོད་པ་དང་། དེ་བཞིན་ལས་སྣེ་ཟུར་པ་ཁག་ཅིག་ལ་འདྲི་ཞིབ་བྱས་པར་ལེན་འདེབས་དང་བདེན་དཔང་བྱུང་མོད། འོན་ཀྱང་སྲིད་འཛིན་ཊམ་དང་ཁོང་གི་རྒྱབ་སྐྱོར་པ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཁྲིམས་བཟོ་བ་ཁག་གིས་སྲིད་འཛིན་ཊམ་གྱིས་རང་གི་ཆབ་སྲིད་ཀྱི་ཁ་གཏད་པ་ཞིག་ལ་ཡུཀ་རེན་གྱི་གཞུང་གིས་ཞིབ་འཇུག་བྱ་དགོས།
ཨ་རིའི་སྲིད་འཛིན་ལ་ཉེས་འཛུགས་འདྲི་རྩད།
མང་སྣོན།