ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རིང་མིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་གནང་བའི་སྐབས་སུ་ ཕྱོགས་གཉིས་ཀྱི་ཚོང་ལས་གཉེར་ཕྱོགས་ཐད་དུ་གྲོས་འཆམ་ཞིག་མ་བྱུང་བ་ཡིན་ན་ཨ་རིས་དགའ་ཞིང་སྤྲོ་བཞིན་དུ་རྒྱ་ནག་གི་དངོས་ཟོག་ལ་སྒོ་འཁྲལ་འཕར་མ་འགེལ་རྒྱུ་ཡིན་ཞེས་སྡིགས་སྐུལ་གནང་ཡོད་པའི་སྐོར།
ཨ་རིའི་ཆབ་སྲིད་ཚོགས་པ་ཆེ་ཁག་གཉིས་ཀྱི་ཡ་གྱལ་དམངས་གཙོ་ཚོགས་པའི་ཁོངས་ཀྱི་ཡར་ཐོན་ལྟ་བ་འཛིན་མཁན་ཚོའི་གནོན་ཤུགས་འོག་ཏུ་ཕྱི་ལོ་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱེད་མཁན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་གྲས་ཀྱི་སྔོན་སྐྱོད་པ་སྟེ།
གཟའ་འཁོར་སྔོན་མའི་རེས་གཟའ་ཕུར་བུ་དང་པ་སང་བཅས་གཉིས་ལ་འཛམ་གླིང་གི་ཡུ་གུར་རྒྱལ་ཡོངས་ཚོགས་པ་དང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་ཨ་མི་རི་ཀའི་ཡུ་གུར་བའི་ལྷན་ཚོགས་བཅས་ཀྱིས་རྒྱལ་ས་ཝ་ཤིང་ཊོན་གྱི་འཇོར་ཇི་ཝ་ཤིང་ཊོན་གཙུག་ལག་སློབ་གྲྭར་རྒྱ་ནག་གཞུང་གིས་ཡུ་གྲུར་བ་ཚོར་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པར་གདོང་ལེན་བྱེད་ཕྱོགས་ཀྱི་ལྷན་ཚོགས་ཤིག་ཚོགས་པ་དེའི་ཐོག་ཏུ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་གསུང་འཕྲིན་ཞིག་གནང་ཡོད་པ་བཅས་ཀྱི་སྐོར།
སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་རེའུ་མིག་ནང་དུ་ཐེ་ཝན་འཛམ་གླིང་རྒྱལ་ཁབ་ཁག་གི་ཐོ་གཞུང་དུ་བཅུག་པར་མ་ཟད། ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་ཐེར་འབུམ་གཉིས་ཀྱི་ཡར་ཐོན་མཚོན་ཆ་ཕྱིར་ཚོང་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་པས་རྒྱ་ནག་གཞུང་ལ་སླར་ཡང་ཁོང་ཁྲོ་ཆེན་པོ་སློང་སྲིད་པའི་སྐོར།
ཐེ་ཝན་ཕྱི་སྲིད་ལྷན་ཁང་གིས་རེས་གཟའ་ཕུར་བུའི་ཉིན་ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་ཉམས་ཞིབ་ཁང་དུ་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་མཛད་སྒོ་དེར་ཕེབས་ནས་གསུངས་པ་ལྟར་ན་འདས་པའི་ལོ་བཞི་བཅུའི་རིང་ལ་འབད་བརྩོན་བྱས་པའི་འབྲས་བུར་ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་ཉམས་ཞིབ་ཁང་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་བཏང་ནས་ལོ་རྒྱུས་ཀྱི་ལམ་རྟགས་གསར་པ་ཞིག་བརྒལ་ཐུབ་ཡོད་ཅེས་བསྔགས་བརྗོད་གནང་བའི་སྐོར།
ཨ་རིའི་གྲོས་ཚོགས་སུ་དྲུག་བཞི་དུས་དྲན་ཐེངས་༣༠་པ་སྲུང་བརྩི།
༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པའི་རིན་འབབ་ཀྱི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་ནས་བརྒྱ་ཆ་༢༥་བར་དུ་སྤར། ཕྱི་ཟླ་༦་ཚེས་༦་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ཐག་མ་ཆོད་པར་སྡུག་ཏུ་སོང་ཚེ། ཨ་མི་རི་ཀས་སླར་ཡང་ཨ་སྒོར་ཐེར་འབུམ་༣༠༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་དགོས་ཐུག་སྲིད།
དབྱིན་ཡུལ་དུ་རྒྱལ་དོན་གཟིགས་སྐོར།
གྲོས་ཚོགས་སུ་རྒྱ་ནག་གི་དྲུག་བཞིའི་ཉིན་མོ་དྲན་གསོ་ཞུས།
ཨ་མི་རི་ཀའི་ཀུ་ཤུ་འཕྲུལ་རིག་བཟོ་ཚོང་ཁང་གིས་རྒྱ་ནག་ལ་ཚོང་འགྲེམ་བྱེད་ཀྱི་ཡོད་པའི་ཐོན་སྐྱེད་ནང་དུ་རྒྱ་ནག་གི་དགོས་འདུན་ལྟར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ལྟ་ཀློག་བྱེད་པའི་བཀོལ་ཆས་ ཉི་ཤུ་རྩ་གྲངས་ཡོད་པ་རྣམས་མེད་པར་གི་ཡོད་པའི་སྐོར།
ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དབྱིན་ཡུལ་དུ་རྒྱལ་དོན་འཚམས་འདྲིར་ཕེབས་ཏེ་རེས་གཟའ་ཟླ་བའི་ཉིན་མོར་དབྱིན་ཇིའི་རྒྱལ་མོ་མཆོག་དང་མཇལ་འཕྲད་ཀྱིས་དགོང་དྲོའི་གསོལ་སྟོན་བཤམས་ནས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་ཅིང་། དེ་རིང་དབྱིན་ཇིའི་སྲིད་བློན་དང་ལྷན་དུ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཚོང་འབྲེལ་སོགས་ལ་བཀའ་མོལ་གནང་བའི་སྐབས་སུ་སྲིད་བློན་ལས་ཁུངས་ཀྱི་ཕྱི་ཕྱོགས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱི་འབག་སྐུ་སྒང་བུ་ཆེན་པོ་ཞིག་གནམ་ལ་འཕྱར་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པའི་སྐོར།
མང་སྣོན།