༄༅།།སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྱིམ་མཚེས་མེག་སི་ཀོ་བརྒྱུད་ནས་ཨ་རིའི་ནང་ཕྱི་མི་གཞིས་ཆགས་པ་མང་པོ་ཡོང་བཞིན་པ་རྣམས་མེག་སི་ཀོ་གཞུང་གིས་བཀག་འགོག་མ་བྱས་ན། ཨ་རིའི་ལྷོ་ཕྱོགས་སུ་ཡོད་པའི་མེག་སི་ཀོ་ཡའི་ས་མཚམས་སྒོ་རྒྱག་རྒྱུའི་ཉེན་བརྡ་བཏང་ནའང་ད་ཆ་ཕྱི་བཤོལ་གནང་ཡོད་པའི་སྐོར།
འཛམ་གླིང་འདིར་ཡོངས་སུ་གྲགས་པའི་ཨ་མི་རི་ཀའི་མེ་སེ་ཆུ་སེ་ཊི་འཕྲུལ་རིག་སློབ་གྲྭ་ཆེན་མོས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་དང་ཀྲུང་ཞཱིང་བཟོ་ཚོང་ཁང་གཉིས་ལ་མཉམ་འབྲེལ་བྱ་རྒྱུ་མཚམས་འཇོག རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་དེ་དག་ནས་དཔལ་འབྱོར་གྱི་འགྲོ་གྲོན་རོགས་རམ་ལེན་གྱི་ཡོད་པ་མཚམས་འཇོག ད་ནས་བཟུང་སྟེ་མེ་སེ་ཆུ་སེ་ཊི་འཕྲུལ་རིག་སློབ་གྲྭ་ཆེན་མོས་རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་དེ་དག་ནས་དཔལ་འབྱོར་འགྲོ་གྲོན་ལེན་རྒྱུ་མིན་པའི་ཐག་བཅད་ཡོད་ཅིང་།
ཨ་མི་རི་ཀར་སྤྱི་ལོ་༢༠༢༠་ལོར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱ་འཆར་ཡོད་པར་བརྟེན། ད་ལྟ་ནས་དམངས་གཙོ་ཚོགས་པའི་ཁོངས་ནས་༢༠༢༠་ལོའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ལ་ཞུགས་མཁན་མང་པོ་ཞིག་བྱུང་ཡོད་ཅིང་། ཁོ་ཚོའི་གྲས་ཀྱི་གཅིག་ནི་ཁེ་ལི་ཧྥོ་ཎི་ཡ་མངའ་སྡེའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཀ་མ་ལ་ཧ་རི་སི་ཡིན་པས་འོས་མི་དེའི་ལོ་རྒྱུས་སྙིང་བསྡུས་ཤིག་
ཨ་རི་དང་ནུབ་བྱང་དམག་དོན་སྤྱི་ཆིངས་སྒྲིག་འཛུགས།
ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ།
ཕྱི་སྲིད་དྲུང་ཆེ་ཡུ་གུར་བཙོན་ཟུར་ལ་ཐུག་འཕྲད།
༄༅།། ཧོང་ཀོང་ས་གནས་གཞུང་གིས་རྒྱ་ནག་སྐམ་ས་ཆེན་མོ་ནས་བྲོས་བྱོལ་དུ་ཡོང་བ་རྣམས་སླར་ཡང་རྒྱ་ནག་ལ་ཕྱིར་སློག་བྱ་འཆར་ཡོད་པར་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་ཐུགས་འཚབ་ཆེན་པོ་གནང་གི་ཡོད་ཅིང་། ཁོང་གིས་ཉེ་སྔོན་རེས་གཟའ་མིག་དམར་གྱི་ཉིན་མོར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་སྐུ་ཚབ་ཚོགས་པ་ཞིག་ལ་ཐུག་འཕྲད་གནང་ཡོད་པ་བཅས་ཀྱི་སྐོར།
ཨ་རིའི་ཕྱི་སྲིད་དྲུང་ཆེས་ཞིན་ཅང་གི་ཡུ་གུར་མི་རིགས་བཀག་ཉར་བྱ་ཡུལ་ཁག་སྒོ་རྒྱག་དགོས་ཞེས་རྒྱ་ནག་གཞུང་ལ་བསྐྱར་དུ་རེ་སྐུལ་བསྐྱར་ཞུས་ཡོད་པ་ རེད། ཕྱི་སྲིད་དྲུང་ཆེས་ཞིན་ཅང་གི་བཀག་ཉར་ཁང་ནས་ཕྱི་ལ་ཐར་པའི་ཡུ་གུར་བའི་བུད་མེད་གྲགས་ཅན་ཞིག་དང་དེ་བཞིན་བཀག་ཉར་ཁང་ལ་ཡོད་མུས་ ཡིན་པའི་ཡུ་གུར་བའི་ནང་མི་སོགས་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་མཇལ་འཕྲད་གནང་ཡོད་ཅིང་།
མང་སྣོན།