ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧན་རི་ཁི་སན་ཇཱར་ནི་དུས་སྔོན་མའི་ལོ་རབས་༧༠་མགོ་སྟོད་དེར་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་འཛུགས་མཁན་དང་༡༩༧༢་ལོར་སྐབས་དེའི་ཨ་རིའི་སྲིད་འཛིན་རི་ཆར་ཌི་ནིཀ་སིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཐུབ་པའི་ལམ་ཁ་གཏོད་མཁན་དེ་ཡིན་ཞིང་། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་ཧན་རི་ཁི་སན་ཇཱར་ཕྱི་འབྲེལ་མཁས་པ་དང་ཕྱི་འབྲེལ་གྱི་ཉམས་མྱོང་རྒད་པོ་ཞིག་ལ་རྩི་བཞིན་ཡོད་ཅིང་།
ཨ་རིའི་སྲིད་འཛིན་ལ་ནག་ཉེས་རྩད་གཅོད་ཡོངས་གྲགས་ཅན་ཐོག་མ།
ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཌོ་ནལ་ཊམ་ལ་ཉེས་འཛུགས་ཀྱི་ཁྲིམས་སྦྱོར་ཞིབ་འཇུག་ཆེད་དུ་གྲོས་ཚོགས་སུ་ཉན་ཞིབ་ཁག་ཡོངས་གྲགས་སུ་འགོ་འཛུགས་བྱས་ཡོད་པ་རེད། དམངས་གཙོ་ཚོགས་པས་སྟངས་འཛིན་འོག་གི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ལས་དོན་ཚོགས་ཆུང་གིས་རེས་གཟའ་ལྷག་པའི་ཉིན་མོར་མཐོ་རིམ་ཕྱི་འབྲེལ་མི་གཉིས་དང་གཟའ་པ་སངས་ཉིན་མོར་ཕྱི་འབྲེལ་མི་སྣ་གཅིག་བཅས་ཁྱོན་བསྡོམས་མི་གསུམ་ལ་ཡོངས་གྲགས་ཀྱི་དྲི་ཞིབ་གནང་རྒྱུ་ཡིན་པའི་སྐོར།
སྲིད་འཛིན་ལ་ཉེས་འཛུགས་ཞིབ་འཇུག
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ངོ་རྒོལ་ལས་འགུལ་ཁག་མཚམས་ཆད་ཀྱི་མེད་པར་བློ་འཚབ་ཆེན་པོ་ཡོད། ཧོང་ཀོང་གི་གནས་སྟངས་དེར་ཨ་མི་རི་ཀས་གཟབ་ནན་གྱིས་ལྟ་རྟོག་བྱེད་བཞིན་ཡོད། ང་ཚོས་ཕྱོགས་ཁག་ཚང་མས་དྲག་སྤྱོད་སྤེལ་གྱི་ཡོད་པར་ཁ་རྡུང་གཏོང་གི་ཡོད། ཨ་མི་རི་ཀས་ཕ་རོལ་པོའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཅི་ཡིན་ལ་མི་བལྟ་བར་དྲག་ཟིང་ཁྲོད་དུ་གནོད་འཚེ་ཕོག་པའི་མི་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད།
ཨབ་གྷ ཎི་སི་ཐན་གྱི་གཞུང་དང་ཏ་ལི་བྷན་ཤོག་ཁག་གིས་བཙོན་པ་བརྗེ་རེས་ཀྱི་གྲོས་མཐུན་ཞིག་བྱུང་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་ཅིང་། གྲོས་མཐུན་དེར་ཏ་ལི་བྷན་ཤོག་ཁག་གིས་བཙན་ཁྲིད་བྱས་པའི་ཨ་རིའི་སྤྱི་དམངས་སློབ་ཆེན་ཞིག་གི་སློབ་དཔོན་གཉིས་གློད་གྲོལ་བཏང་བ་དང་། ཨབ་གྷ་ཎི་སི་ཐན་གྱི་གཞུང་གིས་ཏ་ལི་བྷན་ཤོག་ཁག་གི་གནད་ཡོད་མི་སྣ་གསུམ་གློད་གྲོལ་གཏོང་རྒྱུ་ཡིན་ཞེས་འཁོད་འདུག
ཨ་མི་རི་ཀའི་དམག་དོན་སྤྱི་ཁྱབ་ཆེ་མོས་དེ་སྔ་ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཀས་ཕན་ཚུན་དམག་དོན་གྱི་གསང་བའི་གནས་ཚུལ་སྤྲོད་རེས་བྱ་རྒྱུའི་གྲོས་མཐུན་ཞིག་བཞག་ཡོད་པ་སོར་གནས་ཐུབ་དགོས། ལྷོ་ཀོ་རི་ཡ་གྲོས་མཐུན་དེའི་ཁོངས་ནས་ཕྱིར་འཐེན་མི་བྱེད་པའི་རེ་བ་ཡོད་ཅེས་སྐུལ་ལྕག་བཏང་ཡོད་ཅིང་། འདི་ནི་ཨ་མི་རི་ཀའི་མཐུན་ཕྱོགས་རྒྱལ་ཁབ་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་དེའི་དུས་ཡུན་ཚང་རྒྱུ་དེར་ཉིན་ཤས་ལས་མེད་པའི་སྐབས་སུ་ཨ་མི་རི་ཀས་དེ་ལྟར་འབོད་སྐུལ་ཞུས་པ་ཞིག་ཡིན་པའི་སྐོར།
ཨི་རག་ཏུ་བཅའ་སྡོད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་རུ་ཁག་གིས་ཨི་རག་གི་སྤྱི་ཚོགས་སུ་དུས་བདེ་ཞོད་འཇགས་མེད་པའི་དཀའ་ངལ་འབྱུང་བཞིན་ཡོད་པ་མཇུག་སྒྲིལ་ཐུབ་པའི་གྲོས་གཞི་ཞིག་བཏོན་ཡོད་པའི་སྐོར།
ཨ་རིའི་གཙུག་ལག་སློབ་གྲྭ་ཁག་ལ་གཏམ་བརྗོད་རང་དབང་དང་རང་དབང་གི་ཞིབ་འཇུག་བྱེད་ཆོག་པ་སོགས་ཀྱི་ཐོབ་ཐང་ཡོད་པ་རྣམས་རྒྱ་ནག་གིས་བཙན་འཕྲོག་དང་དམ་དྲག་བྱེད་གང་ཐུབ་བྱེད་ཀྱི་ཡོད་ཀྱང་ཨ་རིའི་གཙུག་ལག་སློབ་གྲྭ་ཁག་གིས་གནད་དོན་འདི་ཚབས་ཆེན་ཞིག་ཏུ་ངོས་འཛིན་ཐུབ་ཀྱི་མི་འདུག་ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་རྒྱ་ནག་ལས་དོན་ཚན་པའི་འགན་འཛིན་གྱིས་སྐྱོན་བརྗོད་བྱས་ཡོད་པའི་སྐོར།
ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་ཐེ་ཝན་ལས་དོན་ཁང་གི་འགན་འཛིན་གྱིས་ཨ་མི་རི་ཀས་ཐེ་ཝན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་པ་ནི་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པ་ཞིག་ཡིན་ཞེས་གསལ་སྟོན་གནང་ཡོད་པའི་སྐོར།
མང་སྣོན།