ཨ་རིའི་ས་མཚམས་སུ་ཕ་མ་བུ་ཕྲུག་ཁ་གཏོར་རྒྱུ་མིན་པ།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཨ་རི་ཕྱིར་འཐེན།
ཨ་མི་རི་ཀ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཀྱི་ཚོགས་མིའི་གྲས་ནས་ཕྱིར་འཐེན་གནང་བ་དེའི་ཐད་ལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་དང་རྒྱལ་ཁབ་ཁག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་བཅས་ཀྱིས་བློ་ཕམ་གནང་བཞིན་ཡོད་མོད།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁ་སང་གཟའ་ཟླ་བའི་ཉིན་ཨ་རིས་མུ་མཐུད་དུ་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་དངོས་ཟོག་ལ་ཨ་སྒོར་དུང་ཕྱུར་སྟོང་ཕྲག་གཉིས་ཀྱི་སྒོ་ཁྲལ་བརྒྱ་ཆ་བཅུ་སྤར་རྒྱུ་ཡིན་པའི་ཐག་གཅོད་བྱུང་ཡོད་ཅེས་གསལ་བསྒྲགས་སྤེལ་། གལ་ཏེ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་ཁྲིམས་ཀྱི་འགྲོ་ལུགས་ཁག་གྲུབ་པའི་རྗེས་ལ་རྒྱ་ནག་གིས་ད་དུང་ཡང་ཨ་རིའི་དངོས་ཟོག་ལ་གསར་དུ་སྒོ་ཁྲལ་སྤར་ཡོད་པ་ཁག་ལ་འགྱུར་བ་མ་བཏང་བ་ཡིན་ན་གསལ་བསྒྲགས་སྤེལ་བའི་སྒོ་ཁྲལ་སྤར་རྒྱུའི་ནང་དོན་ཁག་ལག་བ
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁྲིམས་འགལ་དུ་ཨ་མི་རི་ཀར་སྐྱབས་བཅོལ་དུ་ཡོང་མཁན་ཚོ་འཛིན་བཟུང་བྱེད་པའི་སྲིད་ཇུས་དེ་ཉིད་འགྲེལ་བརྗོད་བྱེད་པའི་ཆེད་དུ་སང་ཉིན་གྲོས་ཚོགས་འོག་མའི་སྤྱི་མཐུན་སྲིད་དོན་ཚོགས་པའི་འཐུས་མི་ཚོར་བཀའ་མོལ་གནང་འཆར་ཡོད་ཅིང་། འདི་ནི་གཟའ་འཁོར་འདིའི་ནང་དུ་ཨ་རིའི་གྲོས་ཚོགས་འོག་མར་ཕྱི་མི་གནས་སྤོར་བའི་སྐོར་གྱི་ཁྲིམས་གཞི་གཉིས་ལ་འོས་ཤོག་འཕེན་རྒྱུའི་སྔོན་ལ་འབྱུང་གི་ཡོད་པ་དང་།
ཨ་མི་རི་ཀར་ཁྲིམས་འགལ་གྱིས་འཛུལ་ཞུགས་བྱེད་བཞིན་པའི་ཕྱི་མི་གནས་སྤོར་བ་འཛིན་བཟུང་བྱས་ཏེ། ཕ་མ་དང་ཕྲུ་གུ་དང་བྲལ་བཏང་ནས་ཟུར་དུ་བཀག་ཉར་བྱེད་ཀྱི་ཡོད་པར་འགྲོ་བ་མིའི་ཐོབ་ཐང་དང་བཟང་སྤྱོད་ལ་རྒྱབ་འགལ་རེད་ཅེས་རྩོད་གླེང་ཆེན་པོ་བྱེད་ཀྱི་ཡོད་པར་མ་ཟད། ད་ལྟ་གནད་དོན་དེ་ཨ་རིའི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱི་འཐབ་རྩོད་བྱ་ཡུལ་དམག་ས་གསར་པ་ཞིག་ཏུ་གྱུར་ཡོད་པའི་སྐོར།
ཨ་རི་དང་ཨེ་ཤ་ཡའི་བྱང་ཤར་གྱི་མཉམ་ལས་དང་མཇལ་འཕྲད
ཨ་རི་དང་བྱང་ཀོ་རི་ཡའི་ལྷན་ཚོགས།
སྲིད་འཛིན་ཌོ་ནལ་ཊོམ་གྱིས་སིང་ག་པུར་དུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་རྗེས་སུ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་གྷ་རེ་ཊ་ཝྭན་ས་སི་ཊེ་རེན་གྱིས་སྲིད་འཛིན་ལ་དམིགས་བསལ་བཅར་འདྲི་ཞུས་དོན།།
༄༅།། ཕྱི་ཟླ་༦་ཚེས་༡༢་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིང་ག་པུར་དུ་ཐུག་འཕྲད་བྱས་ཏེ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ཨ་མི་རི་ཀས་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་འབྲེལ་བ་གསར་པ་ཞིག་འཛུགས་ཕྱོགས་བཅས་ལ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་འཁོད་པའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་འདུག
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ཨ་མི་རི་ཀས་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་འབྲེལ་བ་གསར་པ་ཞིག་འཛུགས་ཕྱོགས་བཅས་ལ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་འཁོད་པའི་གྲོས་མཐུན་ཞིག་ལ་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཀྱིས་མིང་རྟགས་བཀོད་འདུག
མང་སྣོན།