ཨ་རིའི་སྲིད་འཛིན་གཞོན་པ་མེཀ་པེན་སི་ལྷོ་ཀོ་རི་ཡར་ཕེབས་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོར་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། ཁོང་གིས་བྱང་ཀོ་རི་ཡ་འཛམ་གླིང་གི་ཆེས་གདུག་རྩུབ་ཆེ་བའི་གཏུམ་དྲག་ཅན་གྱི་སྲིད་གཞུང་ཞིག་ཡིན་ཞིང་། ལྷོ་ཀོ་རི་ཡར་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ཚོགས་པའི་སྐབས་འདིར་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་བྱང་ཀོ་རི་ཡའི་སྐུ་ཚབ་ཚོར་གྲོས་མོལ་བྱ་འཆར་མེད་ཅེས་གཏམ་བཤད་བྱས་པ་ཡོད།
དེང་སྐབས་སིང་ག་པུར་ལ་སྔོན་ཆད་ཨེ་ཤི་ཡར་བྱུང་མྱུང་མེད་པའི་དྲག་སྦྱོང་ཆེ་ཤོས་ཤིག་བྱེད་ཀྱི་ཡོད་པ་དང་སྟབས་བསྟུན་ཏེ། ཨ་མི་རི་ཀས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་དེང་དུས་ཅན་གྱི་ཨ་རིའི་མཚོན་ཆ་ཕྱིར་ཚོང་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། འདི་ནི་རྒྱ་ནག་གིས་ཨེ་ཤི་ཡ་གཙོ་བོར་གྱུར་པའི་མངའ་ཁུལ་གཞན་ཁག་ལ་དམག་གི་སྟོབས་ཤུགས་རྒྱ་སྐྱེད་གཏོང་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་དེར་ལན་འདེབས་བྱེད་པའི་ཆེད་དུ་ཡིན་པའི་སྐོར།
ཨ་མི་རི་ཀའི་སྲིད་དོན་གྱི་ནང་ ར་ཤི་ཡའི་ཐེ་གཏོགས་རྙོག་གཞི།
ལོ་འདིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེགས་རྟགས་དེ་ཉིད་རྒྱལ་ས་ཝ་ཤིང་ཊོན་གྱི་བོད་དོན་རྒྱབ་སྐྱོར་པ་རྙིང་པ་ཞིག་སྟེ། བོད་པ་ཚོས་ཡོངས་གྲངས་སུ་ཨ་མ་གྷེ་རེ་སི་ཞེས་འབོད་པ་དེ་ལ་འབུལ་རྒྱུ་དང་། ཨ་མ་གྷེ་རི་སི་གཅིག་པུས་ལོ་བཅུ་ཐམ་པའི་རིང་དུ་བདུན་ཕྲག་རེའི་གཟའ་པ་སངས་ནམ་ཡིན་ལ་རྒྱུན་ཆད་མེད་པར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་འཕྱར་ནས་ཞི་བའི་ངོ་རྒོལ་བྱས་ཡོད་པའི་སྐོར།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་རེཀ་ཊི་ལར་སན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ལྔར་འཚམས་འདྲིར་མ་ཕེབས་གོང་དུ་ཊེཀ་སེ་སི་སློབ་གྲྭ་ཆེན་མོར་གཏམ་བཤད་གནང་སྟེ། རྒྱ་ནག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་མི་སེར་སྤེལ་བའི་རིང་ལུགས་ཤིག་ལག་བསྟར་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་ཅིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་གཏམ་བཤད་དེར་ལན་འདེབས་དྲག་པོ་བྱས་ཡོད་པའི་སྐོར།
དེང་སྐབས་ལྷོ་ཤར་ཨེ་ཤི་ཡར་འཚམས་འདྲིར་ཕེབས་ཡོད་པའི་ཨ་མི་རི་ཀའི་ཕྱི་འབྲེལ་ཐབས་བྱུས་ཀྱི་མཐོ་རིམ་དཔོན་རིགས་ཤིག་གིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་པའི་འབོད་སྐུལ་ཞུས་ཡོད་ཅིང་། ཨ་མི་རི་ཀའི་ཕྱི་འབྲེལ་ཐབས་བྱུས་ཀྱི་མི་སྣ་དེའི་འབོད་སྐུལ་དེ་ཉིད་ཟླ་བ་རྗེས་མར་ཨ་མི་རི་ཀས་ཝི་ཏེ་ནམ་གྱི་མཚོ་ཐོག་ཏུ་དམག་གྲུ་ཆེན་པོ་ཞིག་བཏང་ནས་སྐོར་གཡེང་བྱ་རྒྱུའི་གསལ་བསྒྲགས་བྱས་པའི་རྗེས་སུ་ཞུས་པ་ཞིག་ཡིན་སྐོར།
ཨ་རིའི་གྲོས་ཚོགས་སུ་བླ་རུང་སྒར་གྱི་སྐོར་ལ་ཐུགས་འཚབ།
ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིར་མིང་འདོན།
ཨ་མི་རི་ཀའི་འཚེ་མེད་ཞི་བའི་ལྟ་གྲུབ་མཁས་པ་དང་ལམ་སྟོན་པ་སྐུ་ཞབས་ཇེན་ཤྲབ་དགུང་ལོ་༩༠་ཐམ་པའི་ཐོག་ཏུ་འདས་གྲོངས་སུ་གྱུར་ཡོད་ཅིང་། ཁོང་གིས་ལྗགས་རྩོམ་གནང་བའི་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་གྱི་དཔེ་དེབ་ཁག་གིས་རྒྱལ་སྤྱིའི་དམངས་གཙོའི་ལས་འགུལ་མང་དག་ཅིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད། དམ་པ་དེ་ཉིད་ཀྱིས་བརྩམས་ཆོས་མང་པོ་ཞིག་བོད་ཡིག་ལའང་བསྒྱུར་བྱས་ཡོད་པ་སོགས་ཀྱི་སྐོར།
ཨ་མི་རི་ཀའི་སྲིད་འཛིན་ཌཱ་ནལྜ་ ཊི་རམ་གྱིས་རྒྱལ་དོན་སྲིད་ཞུ་ལས་དོན་སྙན་སྒྲོན་གནང་ཐེངས་དང་པོ་དེར་ རྒྱ་ནག་ནི་ དཔལ་འབྱོར་དང་ དམག་དོན་གཉིས་ཀའི་ཆ་ནས་ཨ་མི་རི་ཀའི་འགྲན་ཡ་གཙོ་བོ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་དེ་ནི་ རྒྱ་ནག་གཞུང་གི་ཕྱོགས་ནས་ཡུལ་གྲུ་གཉིས་ཀྱི་འབྲེལ་བའི་ཐད་ལྟ་སྟངས་དང་ ཨ་མི་རི་ཀའི་སྲིད་འཛིན་གོང་མ་རྣམས་ཀྱིས་རྒྱ་ནག་ཨ་མི་རི་ཀའི་རོགས་ཟླ་ལ་ངོས་འཛིན་བྱས་ཡོད་པ་བཅས་ཀྱི་ངོས་འཛིན་བྱེད་སྟངས་དེ་ཚོ་དང་མ་མཐུན་པ་ཞིག་རེད་ཅེས་ དཔྱད་གཏམ་པ་ཚོས་བརྗོད་ཀྱི་ཡོད་པའི་སྐོར
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྲིད་དབང་བཟུང་བའི་རྗེས་ཀྱི་རྒྱལ་དོན་སྲི་ཞུ་སྙན་སྒྲོན་ཐེངས་དང་པོ་དེ་ཁ་སང་རེས་གཟའ་མིག་དམར་གྱི་དགོང་མོར་གནང་ཡོད་ཅིང་། ཁོང་གིས་ཨ་རི་བ་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་དགོས་པའི་འབོད་སྐུལ་ཞུས་པ་དང་ཆབས་གཅིག འདས་པའི་ལོ་དེར་ཐོབ་པའི་དཔལ་འབྱོར་དང་ཕྱི་འབྲེལ་སྲིད་ཇུས་གྱི་གྲུབ་འབྲས་གཟེངས་སུ་མཐོ་བ་རྣམས་གསལ་སྟོན་གནང་ཡོད་པའི་སྐོར།
ཨ་རིའི་དབུས་གསང་བའི་ལས་ཁང་གི་འགན་འཛིན་གྱིས་དབྱིན་ཇིའི་གསར་འགྱུར་ལས་ཁང་སྦི་སྦི་སི་ཡིས་བཅའ་འདྲི་ཞུས་པའི་སྐབས་སུ་དེང་སྐབས་ར་ཤི་ཡའི་སྲིད་གཞུང་གིས་ཨ་མི་རི་ཀའི་གཞུང་འཛིན་ལ་གནོད་འཚེ་གཏོང་སྲིད་པའི་ཉེན་ཁའི་གནས་སྟངས་དེ་ལས་རྒྱ་ནག་གི་ཕྱོགས་ནས་ཨ་མི་རི་ཀ་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་ ཕྱོགས་ཚང་མ་ནས་མངོན་མེད་ངང་གནོད་སྐྱོན་གཏོང་རྒྱུའི་ཉེན་ཁ་ཆེ་བ་ཡོད་ཅེས་གསུངས་ཡོད་པའི་སྐོར་
མང་སྣོན།