ཨ་མི་རི་ཁའི་སྲིད་འཛིན་གྱི་རྒྱལ་སྲུང་བདེ་འཇགས་སློབ་སྟོན་པ་ཡིས་ར་ཤིའི་གཞུང་འབྲེལ་མི་སྣའི་མཉམ་དུ་ ཨ་རིའི་ཁྲིམས་དང་འགལ་བའི་སྐད་ཆ་བཤད་པའི་གནད་དོན་ལྷག་རྗེས། ད་ལྟ་ཁོང་སློབ་སྟོན་པའི་ལས་འཁུར་ནས་དགོངས་པ་ཞུས་ཡོད་པའི་གནས་ཚུལ་སྐོར་
ཉི་ཧོང་དང་རྒྱ་ནག་གི་དབར་བདག་དབང་གི་ཐད་རྩོད་གླེང་ཡོད་པའི་ཤར་རྒྱ་ནག་རྒྱ་ནང་ཡོད་པའི་གླིང་ཕྲན་ཁག་སྲུང་སྐྱོབ་བྱ་རྒྱུར་ ཨ་མི་རི་ཀས་ཉི་ཧོང་ལ་རོགས་སྐྱོར་མུ་མཐུད་ནས་བྱ་རྒྱུ་ཡིན་ཞེས་ ཉི་ཧོང་གི་སྲིད་བློན་ཤིན་ཛོ་ ཨཱ་བྷེ་དང་མཇལ་འཕྲད་གནང་བའི་སྐབས་ ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལྜ་ ཊི་རམ་གྱིས་ཁས་ལེན་གནང་བར་ རྒྱ་ནག་གཞུང་གིས་ཁོང་ཁྲོ་བྱེད་ཀྱི་ཡོད་པའི་སྐོར་
ཁེ་ན་ཌའི་སྲིད་བློན་སྐུ་ཞབས་ཀྲུ་ཌོ་མཆོག་གིས་ཁོང་གི་ཡུལ་དང་། ཨ་མི་རི་ཀའི་ཚོང་འབྲེལ་ལ་གནོད་སྐྱོན་དོ་ཕོག་མི་ཡོང་བ་སོགས་ཀྱི་སྐོར་ལ་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཌོ་ནོལ་ཁྲ་རམ་མཆོག་དང་ལྷན་དུ་གྲོས་མོལ་གནང་རྒྱུར་ རྒྱལ་ས་ཝཱ་ཤིང་ཀྲན་ནང་ཕེབས་འབྱོར་གནང་ཡོད་ཅིང་།
བྱང་ཀོ་རི་ཡས་སྐུ་ཞབས་ཌོ་ནོལ་ཁྲ་རམ་གྱིས་ཨ་མི་རི་ཀའི་སྲིད་འཛིན་གྱི་མཚན་གནས་འགན་བཞེས་གནང་བའི་རྗེས་ཀྱི་མེ་ཤུགས་འཕུར་མདའི་ཚོད་ལྟ་དང་པོ་དེ་ཁ་ས་གཟའ་སྤེན་པའི་ཉིན་བྱས་ཡོད་པ་དང་། བྱང་ཀོ་རི་ཡས་རང་ཉིད་ཀྱི་མེ་ཤུགས་འཕུར་མདའི་ཚོད་དེ་བྱས་པའི་རྗེས་ཨ་མི་རི་ཀའི་སྲིད་འཛིན་ཁྲ་རམ་མཆོག་དང་ཉི་ཧོང་གི་སྲིད་བློན་མཆོག་རྣམ་གཉིས་ཀྱིས་གསར་འགོད་པའི་ལྷན་འཛོམས་ཤིག་ལ་གསུང་མོལ་གནང་སྐབས་ སྲིད་འཛིན་ཁྲ་རམ་གྱིས་ཨ་མི་རི་ཀས་ཉི་ཧོང་གི་སྲུང་སྐྱོབ་བརྒྱ་ཆ་བརྒྱ་བྱ་རྒྱུའི་ཞལ་བཞེས་གནང་ཡོད་
ཨ་རིའི་སྲིད་འཛིན་ཁྲ་རམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ཁ་པར་བཏང་ནས་རྒྱ་ནག་གཅིག་གི་སྲིད་ཇུས་རྩ་འཛིན་ལ་ཁས་ལེན་བྱ་རྒྱུ་ཡིན་པའི་སྐོར།
ཨ་རི་དང་རྒྱ་ནག
ཨ་མི་རི་ཀའི་སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནོལ་ཁྲ་རམ་གྱིས་ ཨ་མི་རི་ཀའི་དྲག་པོའི་དཔུང་སྡེ་ཁག་གི་ནུས་ཤུགས་དང་སྟོབ་ཤུགས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་གནང་ཡོད་པ་ལྟར་ རེས་གཟའ་ལྷག་པའི་ཉིན་ རྒྱལ་སྲུང་ལྷན་ཁང་གི་དཔོན་རིགས་རྣམས་ཀྱིས་རྒྱལ་ཡོངས་གྲོས་ཚོགས་ལ་ འགྲོ་གྲོན་ཨ་སྒོར་ཐེར་འབུམ་༣༠་སྤར་ཆ་བྱེད་རྒྱུའི་འཆར་གཞི་ཕུལ་ཡོད་པ་བཅས་ཀྱི་སྐོར་
ཨ་རིའི་སྲིད་འཛིན་ཌོ་ནོལ་ཁྲ་རམ་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ཕྱག་ཡིག་ཞིག་བཏང་ཡོད་པ་དང་ཕྱག་ཡིག་ནང་དེ་སྔ་ཁོང་ལ་སྲིད་འཛིན་འོས་འདེམས་ལ་རྒྱལ་ཁ་ཐོབ་པའི་སྐབས་སྲིད་འཛིན་ཞི་ཡི་ནས་འཚམས་འདྲི་གནང་ཡོད་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཏུ་རྒྱ་ནག་མི་མང་ལ་ལོ་གསར་ལ་བཀྲིས་འཚམས་འདྲི་ཞུས་པ་མ་ཟད་ཡུལ་གྲུ་གཉིས་ཀར་ཁེ་ཕན་ཡོད་པའི་དགེ་མཚན་ལྡན་པའི་འབྲེལ་ལམ་ཞིག་ཡོང་རྒྱུའི་ཆེད་དུ་སྲིད་འཛིན་ཞི་དང་ལྷན་དུ་ཕྱག་ལས་གནང་རྒྱུའི་རེ་བ་ཡོད་ཅེས་སོགས་འཁོད་ཡོད་པ་རེད།
ཌོ་ནཱལ་ཁྲ་རམ་ཨ་མེ་རི་ཀའི་སྲིད་འཛིན་ལ་གྱུར་ཏེ་ཉིན་བཅུ་དགུ་སོང་བའི་སྐབས་འདིར་སྲིད་འཛིན་གྱི་དབང་ཚད་ཐོག་ནས་ཐག་གཅོད་བྱུང་བའི་གནད་དོན་མང་པོ་ཞིག་གིས་ཨ་རིའི་ནང་རྙོག་གླེང་བྱུང་བཞིན་ཡོད་པས། དེ་རིང་སྲིད་འཛིན་གྱི་བཀའ་རྒྱ་དེ་ཕྱིར་བསྡུ་བྱ་མིན་ཐག་གཅོད་ཡོང་རྒྱུར་རེ་བ་བྱེད་བཞིན་ཡོད་སྐོར་གྱི་གནས་ཚུལ་ཞིག་གསན་རོགས་གནང་།
ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་ཇེམ་སི་ མཱེ་ཊི་སི་ཡིས་ ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་ཐད་རྩོད་གླེང་ཡོད་པ་རྣམས་ ཕྱི་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་སེལ་ཐབས་བྱ་རྒྱུ་དེ་ གཙོ་གནད་དུ་འཇོག་དགོས་པ་ཡིན་ཞེས་གསུངས་ཡོད་པར་ རྒྱ་ནག་གཞུང་གིས་གཟའ་ཟླ་བའི་ཉིན་དགའ་བསུ་ཞུས་ཏེ་ དེའི་ཐོག་ནས་འབྲེལ་ཡོད་མང་པོ་ཞིག་གི་བློ་འཚབ་ཞི་རྒྱུར་ཕན་ཐོགས་བྱུང་ཡོད་ལུགས་བརྗོད་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ།
ད་ལྟ་ཉི་ཧོང་གི་འཛིན་སྐྱོང་འོག་ཡོད་པའི་ཤར་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་གླིང་ཕྲན་གཉིས་སྲུང་སྐྱོབ་བྱ་རྒྱུར་ ཨ་མི་རི་ཀས་ཉི་ཧོང་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་ རེས་གཟའ་སྤེན་པའི་ཉིན་ ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་ཇིམ་ མཱེ་ཊི་སི་ཡིས་ ཁས་ལེན་གནང་བར་ རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་ཡོད་པའི་སྐོར་
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པ།
མང་སྣོན།