རིང་མིན་ཕྱི་ཟླ་༤པའི་ཟླ་སྟོད་དུ་ཨ་མི་རི་ཀའི་མངའ་སྡེ་ཕྷོ་ལོ་རི་ཊའི་ནང་ཨ་རིའི་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་དང་ཐུག་འཕྲད་གནང་བའི་རྗེས་ཨ་རིའི་སྲིད་གཞུང་གིས་ཐེའི་ཝན་ལ་མཚོན་ཆ་ཕྱིར་ཚོང་གནང་རྒྱུའི་གསལ་བསྒྲགས་གནང་འཆར་ཡོད་པ་བཅས་ཀྱི་སྐོར
ཨ་མི་རི་ཀ་དང་ཨེ་ཤི་ཡའི་དཔོན་རིགས་ཚོས་གསུངས་གསལ་ལ། བྱང་ཀོ་རི་ཡའི་གོ་མཚོན་ལས་འཆར་གྱི་ཐོག་རྒྱ་ནག་གིས་མཐུན་འགྱུར་རོགས་རམ་བྱེད་ཀྱི་ཡོད་པའི་དཔང་རྟགས་མང་ནས་མང་དུ་ཐོན་གྱི་ཡོད་པའི་ལན་དུ་ཌོ་ནོལ་ཁྲ་རམ་སྲིད་གཞུང་གིས་བྱང་ཀོ་རི་ཡའི་བཟོ་ལས་ཁང་ཁག་གི་ཐོག་ནོར་སྲིད་དཔལ་འབྱོར་དམ་དྲག་བཙན་འགེལ་གནང་རྒྱུ་ཤུགས་ཆེ་རུ་བཏང་རྒྱུའི་དགོངས་བཞེད་གནང་གི་ཡོད་སྐོར་
རྒྱ་ནག་གི་སྲིད་བློན་ལིའི་ཁའ་ཇང་གིས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་བཟང་པོ་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་ཨ་རི་དང་ཚོང་འབྲེལ་ཐོག་འཁྲུག་རྩོད་བྱེད་འདོད་མེད་པར་རྒྱལ་ཁབ་གཉིས་ཕན་གྱི་འབྲེལ་བ་བྱེད་རྒྱུར་འདོད་པ་ཡོད་ཅེས་བཤད་འདུག་པའི་སྐོར།
བྱང་ཀོ་རི་ཡས་གལ་སྲིད་ཨ་རིའི་དམག་གྲུ་ཡུལ་དེའི་མངའ་ཁོངས་དང་ཉེ་འགྲམ་དུ་འབྱོར་བ་ཡིན་ན་ཨ་རི་ལ་ས་མཚོ་གནམ་གསུམ་དང་མཚོ་འོག་བཅས་གང་ས་ནས་ཡ་ང་མེད་པར་ཕར་རྒོལ་བྱེད་ཀྱི་ཡིན་ཞེས་སྡིག་ར་བཏང་འདུག་པ་དང་། དེ་ནི་ལྷོ་ཀོ་རི་ཡ་དང་ཨ་རིའི་དམག་མིས་ཟུང་སྦྲེལ་དམག་སྦྱོང་བྱེད་བཞིན་པ་དེའི་ནང་ཨ་རིའི་དམག་གྲུ་ཆེན་མོ་མཉམ་ཞུགས་བྱས་རྗེས་སྡིག་ར་དེ་བཏང་བ་ཞིག་ཡིན་པའི་སྐོར།
ཨ་རིའི་ཕྱི་སྲིད་དྲུང་ཆེ་རེཀྶ་ ཀྲེ་ལན་སོན་གཟའ་འཁོར་འདིར་ཉི་འོང་དང་ལྷོ་ཀོ་རི་ཡ། རྒྱ་ནག་བཅས་ལ་གཟིགས་བསྐོར་གནང་རྒྱུ་ཡིན་པ་དང་། ལྷོ་ཀོ་རི་ཡའི་ནང་ཆབ་སྲིད་དབུ་ཁྲིད་ལ་འཕོ་འགྱུར་སོང་བ་དང་། མེ་ཤུགས་འཕུར་མདེལ་འགོག་སྲུང་འཕྲུལ་འཁོར་དང་འབྲེལ་ནས་རྒྱ་ནག་དང་འཁོན་འཛིནཆེ་རུ་འགྲོ་བཞིན་པ་བཅས་ཀྱི་དུས་སྐབས་འདིར་ཨ་རིའི་ཕྱི་འབྲེལ་མི་སྣ་མཐོ་ཤོས་དེས་རྒྱལ་ཁབ་དེ་དག་ལ་གཟིགས་བསྐོར་དང་པོ་གནང་གི་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་འདི་ཟླའི་ཚེས་༡༥ནས་༡༩ བར་ཉི་མ་ལྔའི་རིང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་ལ་རྒྱལ་དོན་འཚམས་གཟིགས་ལ་ཕེབས་ཀྱི་ཡོད་པ་ལྟར། སྔོན་ལ་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་ནང་ཕེབས་པའི་རྗེས་སྤྱི་ཚེས་༡༨ཉིན་རྒྱ་ནག་ལ་ཕེབས་ཏེ་རྒྱ་ནག་གི་སྲིད་འཛིན་དང་གནས་ཡོད་དཔོན་རིགས་ཁག་དང་མཇལ་འཕྲད་གནང་སྟེ་ རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གནས་སྟངས་དང་རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡའི་བྱ་སྤྱོད་ཁག་ལ་བཏང་འཛིན་ནན་པོ་དགོས་པ་སོགས་བཀའ་མོལ་གནང་རྒྱུ་ཡིན་སྐོར་
ཕྱི་མི་བཀག་སྡོམ།
ཨ་རིའི་སྲིད་འཛིན་ཟུར་པ་བྷ་རག་ཨོ་བྷ་མ་ཡི་མགྲིན་ཚབ་ཅིག་གིས་གཟའ་སྤེན་པའི་ཉིན་སྲིད་འཛིན་གསར་པ་ཌོ་ནལཌ་ཁྲ་རམ་གྱིས་ན་ནིང་འོས་བསྡུའི་སྔ་ནུབ་ལ་སྐབས་དེའི་སྲིད་འཛིན་ཨོ་བྷ་མ་ཡིས་ཁོང་གི་བཞུགས་གནས་ཀྱི་ཁ་པར་ལ་ལྐོག་ཉན་བྱས་ཡོད་པའི་ཉེས་འཛུགས་བྱས་པ་དེ་ནི་རྗུན་གཏམ་རང་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པའི་སྐོར་
ཨ་མི་རི་ཀའི་ཕྱི་སྲིད་ཁང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཞིབ་འཇུག་བྱས་པའི་ལོ་འཁོར་སྙན་ཐོ་དེ་བཞིན་ རེས་གཟའ་པ་སངས་ཉིན་བཏོན་ཡོད་ཀྱང་ རྣམ་ཀུན་ཡིན་ན་ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་རང་དངོས་སུ་ཐོན་ཏེ་སྙན་ཐོ་དེའི་ནང་དོན་གལ་ཆེ་འགའ་ཞིག་འགྲེལ་བརྗོད་གནང་བའི་ཐོག་ནས་སྙན་ཐོ་དེ་བཏོན་པའི་གསལ་བསྒྲགས་གནང་གི་ཡོད་ཀྱང་ ད་རེས་དེ་འདྲ་གང་ཡང་མེད་པར་ ཁ་ཁུ་སིམ་པོར་མངོན་གསལ་མེད་པའི་ཐོག་ནས་སྙན་ཐོ་དེ་བཏོན་ཡོད་པ་རེད་
སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྒྱས་འཛོམས་ལ་གཏམ་བཤད་གནང་བ་དེ་བདུན་ཕྲག་དྲུག་གོང་ལས་འཁུར་དམ་འབུལ་གྱི་གཏམ་བཤད་ལས་བཟང་ཙམ་གྱི་རྣམ་འགྱུར་བྱུང་ཡོད་པ་དང་། ཁོང་གིས་ད་ཆ་ནི་གནས་ཚུལ་ཆུང་ཆུང་ལ་བསམ་བློ་གཏོང་རྒྱུའི་དུས་ཚོད་མིན་པ་དང་གལ་གནད་མེད་པའི་རྩོད་པ་བརྒྱག་རྒྱུའི་དུས་ཚོད་མ་རེད་ཅེས་གསུངས་འདུག
ཨ་རིའི་སྲིད་འཛིན་གྱི་གྲོས་ཚོགས་སུ་གཏམ་བཤད་ཐོག་མ།
འོས་འཕེན་པའི་སྐྱོན་བརྗོད་དང་ངོ་རྒོལ།
མང་སྣོན།