༄༅།། རྒྱ་ནག་གི་དམངས་གཙོ་དང་ཆོས་དད་རང་དབང་གི་ཐོབ་ཐང་རྩོད་ལེན་པ་ཡེ་ཤུའི་ཆོས་ཚོགས་ཁག་གི་འགོ་ཁྲིད་ཧུ་ཧྲི་གེང་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་འཛུགས་ཀྱིས་ལོ་༧་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་ནི་ཉེས་མེད་ཉེས་འཛུགས་བྱས་པ་ཞིག་རེད་ཅེས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གསར་པས་སྐྱོན་བརྗོད་བྱས་འདུག་པར་མ་ཟད།
༄༅།། ཧོང་ཀོང་གི་ངོ་རྒོལ་བ་ཚོས་ཧོང་ཀོང་མི་དམངས་ཀྱི་དམངས་གཙོའི་རང་དབང་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དུ་སྤེལ་བཞིན་པའི་སྐབས་འདིར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཅིག་གིས་ཧོང་ཀོང་གི་ངོ་རྒོལ་བ་ཚོར་ཉེན་བརྡ་དྲག་པོ་བཏང་ནས་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་ནམ་ཡང་ཟིང་ཆ་ཆེ་བའི་ས་ཁུལ་ཞིག་ལ་འགྱུར་དུ་འཇུག་རྒྱུ་མིན་ཞེས་བརྗོད་ཡོད་པའི་སྐོར།
ཕྱི་ཟླ་༨་ཚེས་༦་ཉིན་ཨ་རིའི་ནོར་སྲིད་དྲུང་ཆེ་སི་ཊིབ་མ་ནུ་ཆིན་གྱིས་རྒྱ་ནག་གིས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་གཡོ་སྒྱུར་བྱེད་ཀྱི་འདུག
༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་སྒོ་ཁྲལ་འཕར་མ་འགེལ་རྒྱུའི་ཉེན་བརྡ་བཏང་བའི་རྗེས་སུ་རྒྱ་ནག་གཞུང་གིས་གཟའ་ཟླ་བའི་ཉིན་མི་དམངས་ཤོག་སྒོར་གྱི་འཛའ་ཐང་བཅག་ནས་ཨ་མི་རི་ཀར་ལན་པ་སློག་ཡོད་ཅིང་། ད་ལྟ་ཨ་སྒོར་གཅིག་ལ་རྒྱ་ནག་གི་མི་དམངས་ཤོག་སྒོར་༧་ལྷག་ཡིན་པས་ཨ་མི་རི་ཀའི་དངུལ་སྒོར་གྱི་འཛའ་ཐང་ཆེ་བས་ཨ་མི་རི་ཀའི་དངོས་ཟོག་རྣམས་རྒྱ་ནག་གིས་ནང་འདྲེན་བྱས་ན་རིན་གོང་ཆེ་རུ་ཕྱིན་ཡོད་པ་དང་རྒྱ་ནག་གི་དངོས་ཟོག་ཨ་མི་རི་ཀས་ནང་འདྲེན་བྱས་ན་རིན་གོང་ཆུང་དུ་ཕྱིན་ཡོད་པས་
རྒྱ་ནག་གཞུང་གིས་ཞིན་ཅང་གི་ལག་ཤེས་སློབ་གྲྭ་ཁག་གམ། ཡང་ན་ཆབ་སྲིད་ཀྱི་སློབ་གསོ་བསྐྱར་མ་སྤེལ་ཡུལ་བཀག་ཉར་ཁང་དེ་དག་གི་ནང་དུ་བཀག་ཉར་བྱས་ཡོད་པའི་ཡུ་གུར་བ་བརྒྱ་ཆ་༩༠་ལྷག་གློད་གྲོལ་བཏང་ཟིན་ཞེས་ཁྱབ་བསྒྲགས་བྱས་པ་བདེན་པ་མིན་ཞིང་། རྒྱ་ནག་གཞུང་གིས་ཡུ་གུར་བ་དེ་རྣམས་གློད་གྲོལ་བཏང་ཟིན་ཡོད་པ་ཁུངས་སྐྱེལ་སྤྲོད་བྱ་དགོས་ཞེས་བཙན་བྱོལ་དུ་ཡོད་པའི་ཡུ་གུར་བ་ཚོས་ཁོང་ཁྲོ་དྲག་པོས་དོགས་སློང་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་ལས་འགུལ་ཞིག་འགོ་ཚུགས་ཡོད་པའི་སྐོར།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་སློབ་སྟོན་པའི་བསམ་འཆར་དང་དགག་པ་བརྒྱབ་པ་བཅས་ལ་གསན་འཇོག་མ་གནང་བར་ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་ཨ་སྒོར་ཐེར་འབུམ་༣༠༠་ཐམ་པའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་རྒྱུའི་ཐག་གཅོད་བྱས་པ་རེད་ཅེས་གསར་འགྱུར་ཐོན་ཡོད་པའི་སྐོར།
ད་ལོའི་སྤྱི་ཟླ་༦་པའི་ཚེས་༩་ནས་འགོ་བཙུགས་ཏེ་ཧོང་ཀོང་མི་མང་ས་ཡ་མང་པོ་མཉམ་ཞུགས་ཀྱིས་ཧོང་ཀོང་སྲིད་གཞུང་གིས་དོགས་ཅན་པ་རྣམས་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཞིག་གཏན་འབེབས་བྱ་དགོས་ཟེར་པ་དེར་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ། ཉེ་དུས་ནས་ཧོང་ཀོང་ས་གཞུང་གི་ལས་བྱེད་པ་ཁག་ཅིག་ཀྱང་ངོ་རྒོལ་ལས་འགུལ་ཁག་ལ་མཉམ་ཞུགས་ཀྱིས་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག
ཧོང་ཀོང་གི་ཐད་རྒྱ་མིའི་བཅིངས་དཀྲོལ་དམག་གི་སྐད་ཆ།
ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་མཇུག་བསྒྲིལ་མ་ཐུབ་པར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་ཕྱིན་པ་དང་ཧོང་ཀོང་མི་དམངས་ཀྱིས་ཟླ་བ་གཉིས་ཡས་མས་ཤིག་གི་རིང་དུ་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་གཞུང་ལ་ངོ་རྒོལ་བྱས་པས་རྒྱ་ནག་ནང་ཁུལ་དུ་ཞི་བདེ་བརྟན་ལྷིང་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་ཅིང་།
ད་ལོའི་ཕྱི་ཟླ་༡༠་པའི་ཚེས་༡་ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་ལོ་༧༠་འཁོར་བའི་རྒྱལ་སྟོན་དུས་ཆེན་ཚུགས་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་སྔོན་ལ་རྒྱ་ནག་གི་བརྙན་འཕྲིན་ལས་ཁང་ཁག་གིས་རྒྱལ་ཞེན་རིང་ལུགས་ཀྱི་ལྟད་མོ་རྣམས་མ་གཏོགས་གློག་བརྙན་དང་ལྟད་མོ་གཞན་པ་སྟོན་མི་ཆོག་ཅེས་དམ་དྲག་བྱེད་བཞིན་ཡོད་པའི་སྐོར།
མང་སྣོན།