ཟླ་སྟོད་འདིར་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་འགགས་པའི་རྗེས་སུ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་ནས་ཨ་རིའི་མ་རྐང་ཁྲོམ་རར་གཡོ་ཁྱོམ་ཐེབས།
ཨ་རིའི་གཞུང་གིས་མ་འོངས་པར་རྒྱ་ནག་གི་ལྟ་འཛིན་གློག་མིག་བཟོ་ཚོང་ཁང་ཆེ་ཤས་ཧྭ་ཏ་ཁང་ཝེ་ཧྲིའམ། དབྱིན་སྐད་ཀྱིས་ཧེ་ཌི་ཁི་ཝེ་ཤོ་ཞེས་པར་ཨ་རིའི་བཟོ་ཚོང་ལས་ཁང་ཁག་གི་ལག་རྩལ་དང་སྒྲིག་ཆས་ཀྱི་རིགས་འདོན་སྤྲོད་བྱ་རྒྱུར་ཚོད་འཛིན་བྱ་འཆར་ཡོད་པའི་གནས་ཚུལ་ཞིག་སྤྱི་ཟླ་༥་པའི་ཚེས་༢༡་ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་ལ་ཐོན། མ་འོངས་པར་ཨ་རིའི་གཞུང་གིས་རྒྱ་ནག་གི་ཧྭ་ཏ་ཁང་ཝེ་ཧྲི་ཞེས་པའི་བཟོ་ཚོང་ཁང་དེ་ཨ་རིའི་མིང་ཐོ་ནག་པོའི་ཐོ་གཞུང་དུ་འཇུག་སྲིད།
འདས་པའི་ལོ་བཅུ་ཕྲག་གཅིག་གི་སྔོན་ནས་རྒྱ་ནག་དང་པ་ཀི་སི་ཐན་གྱིས་མཉམ་འབྲེལ་ཐོག་ཏུ་འཐབ་འཛིང་གནམ་གྲུ་གསར་པ་ཞིག་བཟོ་སྐྲུན་བྱ་རྒྱུ་འགོ་ཚུགས་ཏེ། ཕྱི་ཟླ་༥་ཚེས་༢༢་ཉིན་རྒྱ་ནག་གིས་བཟོ་བཅོས་བརྒྱབ་སྟེ་ཡར་རྒྱས་བཏང་བའི་JF-17རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་པ་ཀི་སི་ཐན་ལ་མཁོ་སྤྲོད་བྱས་ནས་རྒྱལ་ཁབ་དེའི་གནམ་དམག་གི་སྟོབས་ཤུགས་ཡར་རྒྱས་བཏང་ཞིང་།
བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་འཛིན་བཀོད་ཁྱབ་ཅིག་ལ་མིང་རྟགས་བཀོད་དེ་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་བཟོ་མཁན་ཕྱིའི་རྒྱལ་ཁབ་ཀྱི་བརྡ་འཕྲིན་བཟོ་ཚོང་ཁང་ཁག་ལ་ཨ་རིའི་བརྡ་འཕྲིན་སྒྲིག་ཆས་སོགས་ཕྱིར་འཚོང་མི་བྱ་རྒྱུའི་གསལ་བསྒྲགས་སྤེལ། ཨ་རིའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་དང་དེའི་ཡན་ལག་བཟོ་ཚོང་ཁང་ཁག་ལ་ཨ་རིའི་བརྡ་འཕྲིན་སྒྲིག་ཆས་ཕྱིར་འཚོང་མི་བྱ་རྒྱུའི་མིང་ཐོའི་ནང་དུ་བཅུག་ཅིང་།
ཐེ་ཝན་ལ་རྒྱ་ནག་གིས་བཙན་འཛུལ་བྱ་སྲིད་པར་གདོང་ལེན་བྱ་རྒྱུར་དམིགས་ཏེ་ཐེ་ཝན་གྱི་རྐང་དམག་དང་མཚོ་དམག དེ་བཞིན་གནམ་དམག་བཅས་ཀྱི་ལོ་རེའི་དམག་སྦྱོང་ཆེན་མོ་རེས་གཟའ་ལྷག་པ་ཉིན་ནས་འགོ་ཚུགས་ཡོད་པའི་སྐོར།
ཡུ་རོབ་ཀྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་ཚོང་དོན་ཐོག་ཏུ་སྐྱོན་བརྗོད་བྱས་པར་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པར་མ་ལྟོས་པར་རྒྱ་ནག་གིས་ཡུ་རོབ་ཀྱི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་རྣམས་བཙན་འཕྲོག་བྱེད་ཀྱི་ཡོད་པའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་འདུག་ཅེས་ཡུ་རོབ་ཀྱི་བཟོ་ཚོང་ལས་ཁང་ཁག་གིས་བརྗོད་ཡོད་པའི་སྐོར།
ཧོང་ཀོང་གི་ཐད་ཨ་རི་ལ་རྒྱ་ནག་གི་སྐྱོན་བརྗོད།
ཧྭ་ཝེ་ལ་ཨ་རིའི་དམ་བསྒྲགས།
མང་སྣོན།