འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་རྒྱ་ནག་གི་ཁྲིམས་ཁང་དུ་བསྐོངས་པ།
ཕྱི་ཟླ་༡༢་ཚེས་༢༧་ཉིན་རྒྱ་ནག་གིས་ཁེ་ན་ཌའི་སྤྱི་དམངས་ཤིག་ལ་ཉལ་ཐ་ནག་ཚོང་གི་ནག་ཉེས་བཙུགས་ཡོད་པར་མ་ཟད། ཁེ་ན་ཌའི་གཞུང་གིས་རང་གི་ས་ཐོག་ཏུ་རྒྱ་ནག་ནས་ཡོང་བའི་ཁྲིམས་འགལ་གྱི་ཕྱི་མི་ཡུལ་སྤོར་བ་༢༠༠༠་ཡས་མས་ཤིག་རང་ཡུལ་ལ་ཕྱིར་སློག་བྱ་རྒྱུའི་ཐག་གཅོད་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར།
ཞིན་ཅང་གི་ལྷོ་ཕྱོགས་སུ་ཚུགས་པའི་སློབ་ཆེན་ཞིག་གི་སློབ་ཕྲུག་ཚོར་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སློབ་ཁྲིད་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ་གོང་མཐོར་གཏོང་རྒྱུའི་ཐག་གཅོད་བྱས་འདུག བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཞིན་ཅང་གི་ཁ་ཤཱི་གྷར་སློབ་གྲྭ་ཆེན་མོར་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཞིག་གསར་དུ་སྒོ་འབྱེད་ཀྱིས་ཡུ་གུར་བའི་སློབ་ཕྲུག་ཚོར་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སློབ་ཁྲིད་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་པ།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་བཟོ་ཚོང་ལས་ཁང་ཁག་གིས་ལོ་རྗེས་མ་ནས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ལས་ཁང་གཉིས་ཀྱིས་བཟོས་པའི་གློག་འཕྲིན་སྒྲིག་ཆས་ཀྱི་རིགས་བཀོལ་སྤྱོད་དང་ཨ་རིའི་ཁྲོམ་རར་ཚོང་འགྲེམ་བྱེད་མི་ཆོག་ཅེས་སྲིད་འཛིན་གྱི་བཀའ་ཁྱབ་ཅིག་ལ་སྤྱི་ལོ་༢༠༡༩་ལོའི་སྤྱི་ཟླ་༡་པོའི་ནང་དུ་མཚན་རྟགས་འགོད་རྒྱུའི་འཆར་གཞི་འདུག་ཅེས་རོ་ཡེ་ཊར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་ཝང་ཆོན་ཀྲང་ལོ་གསུམ་དང་ཕྱེད་ཀའི་རིང་དུ་བཀག་ཉར་བྱས་པའི་རྗེས་སུ་རེས་གཟའ་ལྷག་པ་སྟེ། ཕྱི་ཟླ་༡༢་པའི་ཚེས་༢༦་ཉིན་རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་ཨང་གཉིས་པའི་ནང་དུ་ཁྲིམས་བཤེར་བྱས་ཡོད་ཅིང་། ཁྲིམས་རྩོད་པ་ཝང་ཆོན་ཀྲང་གི་གྱོད་གཞི་ནི་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་ཞེས་པའི་ཉེས་ཁྲིམས་ལ་འབྲེལ་བ་འདུག་ཅེས་རྒྱ་ནག་གཞུང་གིས་འགྲེལ་བཤད་བརྒྱབ་སྟེ།
ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་གཙོས་ཁ་ཆེ་གྲངས་ཉུང་མི་རིགས་ལ་དམིགས་བསལ་གྱིས་དམ་དྲག་དང་མི་རིགས་དབྱེ་འབྱེད། ཆོས་ལུགས་དབྱེ་འབྱེད་བྱས་ནས་སློབ་གསོ་བསྐྱར་མ་སྤེལ་སའི་བཀག་ཉར་ཁང་དུ་བཙོན་འཇུག་བྱེད་པའམ། ཡང་ན་མི་རེ་རེའི་རྒྱུད་རྒྱུ་བསྡུ་ལེན་དང་མིའི་གདོང་དབྱིབས་འཕྲུལ་ཆས་ཀྱིས་ངོས་འཛིན་ཐུབ་པ་སོགས་འགྲོ་འདུག་རང་དབང་ལ་ཚོད་འཛིན་གྱི་ཁྲིམས་དང་སྒྲིག་གཞི། འཕྲུལ་རིགས་སྣ་མང་ཞིག་བཙུགས་ནས་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་ཅིང་།
ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལ་ཡུལ་བབ་སྲིད་བྱུས་ཀྱི་འཐབ་རྩོད་ཅིག་འབྱུང་གི་ཡོད་པའི་རྣམ་པ་རིམ་བཞིན་གསལ་ཐོན་འབྱུང་བའི་སྐབས་འདིར་འཛམ་གླིང་ལ་ཞི་བདེ་བརྟན་ལྷིང་སུས་བསྐྲུན་ཐུབ་རྒྱུ་ཡིན་མིན་ལ་བསམ་ཚུལ་མ་འདྲ་བ་ཡོང་གི་ཡོད་ཅིང་། རྒྱ་ནག་གི་སྐར་རྩིས་ལྟར་ན་ཕྱི་ཟླ་གཉིས་པའི་ཚེས་ལྔ་ཉིན་འགོ་ཚུགས་རྒྱུའི་རྒྱ་ནག་གི་ལོ་གསར་སྐབས་སུ་རྒྱུ་ནོར་ལོངས་སྤྱོད་རྒྱས་པར་ཤོག་ཅེས་སྲོལ་རྒྱུན་གྱི་བཤད་སྲོལ་ཡོད་ཀྱང་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་སྟོབས་འབྱོར་མངའ་ཐང་རྒྱས་པའི་ལམ་དུ་འགོད་ཐུབ་
རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་ཧ་ཅང་གི་དམ་དྲག་དང་གནོན་སྡོམ་ཆེན་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རྒྱ་ནག་གི་ས་གནས་གཞན་ཁག་ལའང་ལག་བསྟར་བྱེད་འགོ་ཚུགས་ཡོད་པའི་སྐོར།
ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན་འདས་པའི་ལོ་མང་རིང་དུ་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་དྲྭ་ཇག་གི་སྒྲིག་འཛུགས་ཏེ། ཨེ་ཕི་ཊི་བཅུ་ཞེས་པ་ཞིག་རྒྱལ་ཁབ་མང་པོའི་དྲྭ་རྒྱའི་བརྒྱུད་ལམ་ཁག་ཏུ་ལྐོག་འཛུལ་གྱིས་རྒྱལ་ཁབ་དེ་དག་གི་རིག་གནས་བདག་དབང་དང་གསང་བའི་ཡིག་ཆ་སོགས་རྐུ་འཁྱེར་བྱས་འདུག་ཅིང་། རྒྱལ་ཁབ་དེ་དག་གི་གྲས་སུ་ཨ་མི་རི་ཀ་དང་དབྱིན་ཇི། ཨོ་གླིང་རྒྱལ་ཁབ་དང་ཁེ་ན་ཌ། ཉི་ཧོང་དང་འཇར་མན་ཎི། བྷར་ཛིལ་དང་ཧྥ་རན་སི། སུད་ཛར་ལན་ཌི་དང་ལྷོ་ཀོ
ད་ལྟ་སྤྱི་ལོ་༢༠༡༩་འཆར་ལ་ཉེ་ཞིང་། འདས་པའི་ལོ་དེར་ཨ་རི་དང་རྒྱ་ནག་གཉིས་ལ་ཚོང་དམག་ཅིག་ལངས་ནས་དཀའ་ངལ་ཆེན་པོ་བྱུང་ཡོད་པར་མ་ཟད། ལོ་གསར་པ་འདིའི་ནང་དུའང་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ལ་དཀའ་ངལ་མུ་མཐུད་དུ་འཕྲད་རྒྱུ་ཡིན་མིན་དང་། འདས་པའི་ལོ་དེར་རྒྱ་ནག་གི་དཔའ་འབྱོར་ལ་བསྐྱར་ཞིབ་བྱས་པའི་གནས་ཚུལ་དེ་
ཉེས་དུས་ཐེ་ཝན་ལ་གྲོང་ཁྱེར་དང་ས་གནས་ཁག་གི་འགོ་ཁྲིད་འོས་འདེམས་བྱས་པ་དེའི་སྐབས་སུ་རྒྱ་ནག་དམར་ཤོག་ཚོགས་པས་ཐེ་ཝན་གྱི་འོས་འདེམས་ལ་ཐེ་གཏོགས་བྱས་འདུག་ཅེས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་གིས་གསལ་སྟོན་བྱས་ཡོད་ཅིང་། རྒྱ་ནག་དམར་ཤོག་ཚོགས་པས་ཐེ་ཝན་གྱི་དམངས་གཙོའི་འོས་འདེམས་ལ་ཐེ་གཏོགས་བྱས་པར་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་ལ་ཉེས་ཆད་གཅོད་དགོས་ཞེས་འབོད་སྐུལ་ཤུགས་ཆེན་བྱས་ཡོད་པའི་སྐོར།
མང་སྣོན།