ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕི་འོ་ཡིས་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་མ་རྩ་འཛུགས་ཀྱི་ཡོད་པར་དོགས་ཟོན་བྱ་དགོས་ཞེས་ཉེས་བརྡ་བཏང་བར་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པའི་སྐོར།
རྒྱ་ནག་གཞུང་གིས་རེས་གཟའ་པ་སངས་ཉིན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་བཏོན་ཏེ། འདས་པའི་ཟླ་བ་གསུམ་གྱི་ནང་དུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་༦་དང་གྲངས་ཆུང་༥་ཙམ་བྱུང་ཡོད་ཅེས་བཀོད་འདུག འདི་ནི་༢༠༠༩་ནས་བཟུང་སྟེ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཆེས་དལ་ཤོས་སུ་གྱུར་པ་ཞིག་ཡིན་པའི་སྐོར།
ཡུ་རོབ་རྒྱལ་ཁབ་ནོར་ཝེའི་གསར་འགྱུར་ལས་ཁང་གིས་རྒྱལ་པོ་དང་རྒྱལ་མོ་གཉིས་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་ཉིན་གཉིས་པར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བཀའ་འདྲི་ཞུས་ཡོད་ཅིང་། རྒྱལ་པོ་མཆོག་གིས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཆེན་པོ་བྱུང་འདུག་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ད་དུང་ཡང་ཡར་རྒྱས་གཏོང་རྒྱུ་ལུས་འདུག་ཅེས་གསུངས་ཡོད་པའི་སྐོར།
རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་འཕྲུལ་རིགས་ལག་རྩལ་ལ་བརྟེན་ནས་ཆར་འབེབསའཕྲུལ་ཆས་ཀྱི་ཐབས་རྩལ་མང་པོ་བཀོལ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་ཆར་འབེབས་འཕྲུལ་ཆས་མང་པོི་འཛུགས་དགོས་པའི་རྒྱུ་མཚན་ནི་བོད་ཀྱི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་སོགས་རྒྱ་ནག་ནང་ལོགས་སུ་བཞུར་བཞིན་པའི་ཆུ་བོ་ཆེ་གྲས་ཀྱི་འབྱུང་ཁུངས་ཡིན་པའི་སྟབས་ཀྱིས་རྒྱ་ནག་གི་ཆུའི་དཀའ་ངལ་རྣམས་ཆུ་མགོ་ནས་སེལ་ཐབས་བྱེད་ཀྱི་ཡོད་པ་དང་།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་ཆོས་དད་རང་དབང་ལ་ཞིབ་འཇུག་བྱས་ནས་ལོ་རེའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་དུ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཁ་ཆེ་ཡུ་གུར་མི་རིགས་ཀྱི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པར་སྐྱོན་བརྗོད་དང་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་བསྒྲགས་ཡོད་པའི་གནས་ཚུལ་
རྒྱ་ནག་གིས་ཡུ་གུར་བ་བཀག་ཉར་ཁང་ངོས་ལེན
ཞིན་ཅང་ས་གནས་ཀྱི་རྒྱ་ནག་གི་གཞུང་འཛིན་མི་སྣ་ཚོས་ཡུ་གུར་མི་རིགས་ལ་བསམ་བློའི་སློབ་གསོ་གཏོང་ཡུལ་བཀག་ཉར་ཁང་ཡོད་པ་ངོས་ལེན་བྱས་ཡོད་ཅིང་། བཀག་ཉར་ཁང་དེ་དག་གི་ནང་དུ་ཆེད་ལས་ཀྱི་སྦྱོང་བརྡར་སྤྲད་ནས་མཐའ་ལྷུང་རིང་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་རྣམས་མེད་པར་བཟོ་ཐབས་བྱེད་བཞིན་ཡོད་ཅེས་བརྗོད་པར་མ་ཟད། བཀག་ཉར་ཁང་དེ་དག་གི་ནང་དུ་མི་མང་པོར་དུས་གཅིག་ཏུ་སྦྱོང་བརྡར་སྤྲད་ནས་ལྟོ་གླ་ཡོད་པའི་ལྟེ་གནས་ཁང་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་གི་ཡེ་ཤུ་ཆོས་དཔོན་གཉིས་ཆེས་ཐོག་མར་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱི་ཚོགས་འདུར་ཞུགས། ཁོ་ཚོས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་ལ་མཇལ་འཕྲད་ཞུས་ནས་བླ་ཆེན་མཆོག་ལ་རྒྱ་ནག་ལ་འཚམས་ལ་འདྲིར་ཕེབས་དགོས་ཞེས་མགྲོན་འབོད་བྱས་ཀྱང་བླ་ཆེན་མཆོག་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུའི་ཞལ་བཞེས་གནང་ཡོད་མེད་དང་།
རྒྱ་ནག་གིས་དཔལ་འབྱོར་ཁེ་ཕན་ཁོ་ན་ལེན་ཐབས་བྱས་པ་དང་དྲག་པོའི་སྟོབས་ཤུགས་རྒྱ་སྐྱེད། དེ་བཞིན་དུ་རྒྱ་ནག་གི་སྤྱི་དམངས་རྣམས་ལ་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པར་མ་ཟད། ཕྱིའི་རྒྱལ་ཁབ་ཁག་གི་ཆབ་སྲིད་ལ་ཐེ་བྱུས་བྱས་པ་སོགས་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་ལ་མཐུན་གྲོགས་ཀྱི་འབྲེལ་ལམ་ནས་འགྲན་སྡུར་གྱི་ལམ་ཕྱོགས་སུ་དཀྱོགས་ཏེ་བློ་སྟབས་ཅན་དང་ཉེན་འཚབ་ཅན་གྱི་ཐབས་བྱུས་གསར་པ་ཞིག་གསལ་བསྒྲགས་བྱས་ཡོད་པ་བཅས་ཀྱི་སྐོར།
རྒྱ་ནག་གིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཕུན་ཚུན་ཡིད་ཆེས་དང་ཞི་བདེ་བསྐྲུན་ཐབས། མཛའ་གྲོགས་ཀྱི་འབྲེལ་བ་བཟང་པོ་ཞིག་ཚུགས་པར་ཐེ་ལན་ཌི་དང་མ་ལེ་ཤི་ཡའི་མཉམ་དུ་རྒྱ་གར་རྒྱ་མཚོའི་ཉེ་འགྲམ་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མཉམ་འབྲེལ་དམག་སྦྱོང་ཞིག་བྱ་རྒྱུ་ཡོད་པའི་སྐོར།
ཨ་རིའི་སྲིད་འཛིན་ཌོ་ནར་ཊམ་གྱི་སྲིད་གཞུང་གིས་གཟའ་ཕུར་བུའི་ཉིན་མོར་རྒྱ་ནག་ལ་ཞི་བའི་ལས་འཆར་ཐོག་ཏུ་བེད་སྤྱོད་བྱེད་པའི་རྡུལ་ཕྲན་ལག་རྩལ་རིགས་ཕྱིར་ཚོང་བྱ་རྒྱུ་བཀག་འགོག་ནན་པོ་བྱ་རྒྱུའི་གལས་བསྒྲགས་བྱས་ཡོད་པ་རེད། ཨ་རིའི་གཞུང་འཛིན་མི་སྣ་ཚོས་རྒྱ་ནག་གིས་ཨ་རིས་ཕྱིར་ཚོང་བྱས་པའི་རྡུལ་ཕྲན་ནུས་པའི་ལག་རྩལ་དང་ཨ་རིའི་བཟོ་ཚོང་ལས་ཁང་ཁག་གི་ཡར་ཐོན་གྱི་ལག་རྩལ་རྣམས་རྐུ་འཁྱེར་བྱས་ནས་མཚོ་འོག་དམག་གྲུ་དང་གནམ་གྲུ་དབོར་འདྲེན་གྱི་དམག་གྲུ་ཆེན་པོ་སོགས་བཟོ་སྐྲུན།
ཨ་མི་རི་ཀས་རྒྱ་ནག་གི་གསང་ཉུལ་ཡིན་པར་དོགས་གཞི་ཅན་གྱི་མི་ཞིག་གིས་ཨ་རིའི་ཁེ་ལས་གྲགས་ཅན་ཞིག་གི་ཚོང་ལས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱ་ཐབས་བྱས་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་ཡོད་པའི་སྐོར།
མང་སྣོན།