ཨ་རིའི་སྲིད་འཛིན་ཌོ་ནོལ་ཁྲ་རམ་ནས་སྲིད་འཛིན་འགན་བཞེས་གནང་བའི་རྗེས་སུ་གཞུང་འཛིན་སྲིད་ཇུས་ལ་འགྱུར་ལྡོག་དང་པོའི་ཁོངས་སུ་ཨ་རི་དེ་བཞིན་ཞི་བདེ་རྒྱ་མཚོའི་མཐུན་ཕྱོགས་ནས་ཕྱིར་འཐེན་གནང་ཡོད་པ་དེས་རྒྱ་ནག་ལ་མངའ་ཁུལ་དེའི་ནང་དཔལ་འབྱོར་དང་ཚོང་འབྲེལ་ཐད་ཨ་རིའི་ཚབ་བྱེད་པའི་གོ་སྐབས་སྤྲོད་སྲིད་པ་
རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ནང་ལ་རྒྱ་མི་རིགས་ཀྱི་སྐད་ཡིག་དར་སྤེལ་གཏོང་རྒྱུའི་སྲིད་བྱུས་ལ་འགྱུར་བ་མེད་པར་ལག་བསྟར་ནན་པོ་བྱ་རྒྱུ་ཡིན་ཞེས་རེས་གཟའ་མིག་དམར་ཉིན་གསལ་བསྒྲགས་བྱས་པ་དང་ཆབས་ཅིག ཡང་སྐད་ཡིག་སྟོང་རྒྱུའི་ཉེན་ཁའི་གནས་སུ་གྱར་བའི་སྐད་རིགས་རྣམས་སྲུང་སྐྱོབ་བྱ་རྒྱུར་ཡང་ཤུགས་སྣོན་ཆེན་པོ་རྒྱག་རྒྱུ་ཡིན་ཞེས་བརྗོད་ཡོད་པའི་སྐོར་
དཔྱིད་གསར་དུས་ཆེན་གྱི་འགྲིམ་འགྲུལ།
རྒྱ་ནག་གཞུང་གིས་དྲ་ལམ་བཀག་འགོག་གི་ལས་དོན་སྔར་བས་ཤུགས་ཆེ་རུ་བཏང་ནས་བཀག་འགོག་བྱས་ཚར་བའི་དྲྭ་ལམ་ཁག་ལྟ་སའི་ཡོ་ཆས་བེད་སྤྱོད་གཏོང་མཁན་ཐོག་ལ་རྒོལ་རྡུང་གཏོང་བའི་ལས་འགུལ་སྤེལ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པས་དེའི་སྐོར་
གུ་ཡངས་གི་ལྟ་བ་འཛིན་མཁན་གཞུང་འབྲེལ་མ་ཡིན་པའི་རྒྱ་ནག་གི་ཉམས་ཞིབ་བྱེད་མཁན་གྱི་དྲ་རྒྱ་གཉིས་ཐེ་བའི་གཞན་ཡང་དྲ་རྒྱ་ཁག་༡༥བཅས་ལ་རྒྱ་ནག་གཞུང་གིས་རྩད་གཅོད་དང་ ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་བརྗོད་དེ་སྒོ་རྒྱབ་ཏུ་བཅུག་ཡོད་པ་བཅས་ཀྱི་སྐོར་
རྒྱ་ནག་སྲིད་གཞུང་གིས་ངོ་རྒོལ་བྱེད་མིན་ལ་མ་ལྟོས་པར་ཐའེ་ཝན་གྱི་སྐུ་ཚབ་ཚོགས་པས་ཌོ་ནོལ་ཁྲ་རམ་གྱི་སྲིད་འཛིན་འགན་བཞེས་ཀྱི་དམ་བཅའི་མཛད་སྒོར་ཞུགས་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་བདེ་ཆེན་རྒྱ་མཚོས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་གི་ཡིན།
ཨ་མི་རི་ཀའི་སྲིད་འཛིན་འཕོ་འགྱུར་བྱེད་བཞིན་པའི་དུས་འདིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་སུས་སི་ལེན་ཌི་ཡི་གྲོང་ཁྱེར་དྷ་བོ་སིར་ནང་ཚོགས་པའི་དཔལ་འབྱོར་གྱི་ཚོགས་འདུའི་ཐོག་ད་བར་རྒྱ་ནག་ལ་ཐོབ་མ་མྱོང་བའི་དམིགས་བསལ་གྱི་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་ཡོད་པས་དེའི་སྐོར
ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་དྲུང་ཆེ་དང་དཔལ་འབྱོར་དྲུང་ཆེ་གཉིས་ཀྱིས་སོ་སོའི་ལས་གནས་ནས་དགོངས་ཞུ་བྱས་ཏེ་རིང་མིན་ཧོང་ཀོང་གི་འཛིན་སྐྱོང་སྤྱི་ཁྱབ་འོས་མིའི་འགྲན་རྩོད་ནང་མཉམ་ཞུགས་བྱ་རྩིས་ཡོད་པའི་སྐོར་
ཟླ་བ་རྗེས་མ་རྒྱ་ནག་དང་བལ་ཡུལ་གྱིས་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་བྱ་རྒྱུ་དེ་ནི་རྒྱལ་སྲུང་གི་ཕྱི་འབྲེལ་གོམ་སྟབས་གསར་པ་སྤོས་པ་ཞིག་ཡིན་སྟབས་རྒྱ་གར་གྱིས་དེའི་ཐོག་དོ་སྣང་བྱེད་དགོས་པའི་གནས་ཚུལ་ཞིག་ཡིན་པ་འབྲེལ་བརྗོད་བྱེད་མཁན་ཡོད་ཀྱང་རྒྱ་གར་གྱི་ཕྱི་འབྲེལ་མི་སྣས་རྒྱ་གར་དང་བལ་ཡུལ་གྱི་འབྲེལ་ལམ་དེ་གཏིང་ཟབ་པོ་ཡོད་པ་རེད་ཅེས་འབྲེལ་བརྗོད་གནང་འདུག་པའི་སྐོར་
ཧོང་ཀོང་གི་གྲོས་ཚོགས་ཀྱི་འཐུས་མི་དམངས་གཙོ་དོན་གཉེར་བ་ནཱེ་ཏན་ ལཱོ་ ཐེ་ཝན་གྱི་ནང་ཆབ་སྲིད་ཀྱི་ཚོགས་འདུ་ཞིག་ལ་ཚོགས་ཞུགས་བྱས་ཏེ་ཧོང་ཀོང་ལ་ཕྱིར་ལོག་བྱེད་པའི་སྐབས་ ཧོང་ཀོང་གི་གནམ་ཐང་དུ་རྒྱ་ནག་གཞུང་ལ་དགའ་ཞེན་ཆེ་བའི་མི་དེ་གྲས་ཀྱིས་ཁོང་ལ་ཉེས་བརྡུང་བཏང་བ་སོགས་བྱས་ཡོད་སྟབས་ གཟའ་ཟླ་བའི་ཉིན་ ཁོང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ་ རང་ལ་དྲག་རྩུབ་བྱེད་མཁན་གྱི་མི་དེ་དག་ལ་སྐྱོན་བརྗོད་ཀྱི་རྒོལ་གཏམ་ཤུགས་ཆེ་བཏང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཤིན་ཅང་ནང་འཇིགས་སྐུལ་དྲག་སྤྱོད་ཤོག་ཁ་ཟེར་བས་ཤིན་ཅང་རང་བཙན་རྩོད་ཀྱི་ཡོད་པའི་སྐྱོན་བརྗོད་ཐོག་ཡུ་གུར་བར་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་ཐོན་པ་ལྟར། ད་ཐེངས་བོད་མངའ་རིས་དང་ས་འབྲེལ་གྱི་ཤིན་ཅང་ཧོ་ཏཱན་ས་ཁུལ་དུ་ཉེན་རྟོག་པས་རྒོལ་རྡུང་འོག་ཤིན་ཅང་གི་མི་གསུམ་བསད་ཡོད་པའི་གནས་ཚུལ་ཐོན་འདུག དེའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།
གསར་འགྱུར་བཀོལ་ཆས་ཕྱིར་འཐེན།
མང་སྣོན།