ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་། ༢༠༢༠ ཟླ་༩ ཚེས་༡༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་གྱི་གསར་འགྱུར་ལེ་ཚན་ནང་༧གོང་ས་མཆོག་གིས་སེམས་དང་སྲོག་གི་བགྲོ་གླེང་ཞིག་གི་སྟེང་བཀའ་སློབ་གནང་བ་དང་། རྒྱ་གར་གྱི་སློབ་དཔོན་དམ་པ་ཞིག་གི་ནང་མིར་ཐུགས་གསོའི་གསུང་འཕྲིན་བསྩལ་བ། རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་ཏོག་དབྱིབས་ནད་དུག་གི་འགོག་སྨན་སོགས་ཀྱི་གསར་འགྱུར་ཡོད། དྲ་སྣང་གི་བོད་དུ་མེ་ཏོག་དཀར་པོ་ཞེས་པའི་གློག་བརྙན་དཔྱད་བརྗོད་དང་སྟོན་པའི་མཛད་རྣམ་བྱིས་པའི་བློ་འབྱེད་སོགས་ཡོད། དེ་རིང་གི་ཀུན་གླེང་དུ་སོག་པོའི་སྐད་ཡིག་སྲུང་སྐྱོབ་ཐད་རྒྱ་ནག་སོགས་སུ་དོ་སྣང་དང་། སྤྱི་ཚོགས་དང་སེམས་ཚོར་བཟང་སྤྱོད་སློབ་གསོ་ལག་བསྟར་གྱི་ཉམས་མྱོང་ཐད་བགྲོ་གླེང་ཞུས་ཡོད།།

All programs
XS
SM
MD
LG