ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྔ་་དྲོའི་རླུང་འཕྲིན།༢༠༢༡་ཟླ་༦ཚེས་༦།

བོད་ནང་དུ་ཟླ་འདིའི་ཟླ་མགོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་མ་ཟུར་བ་དང་། རྒྱ་གར་ནས་ཕྱིར་ལོག་པའི་བོད་མི་རྣམས་ཀྱི་འགྲོ་འདུག་རང་དབང་ལ་ཚོད་འཛིན་བྱེད་བཞིན་པའི་གནས་ཚུལ་བྱུང་ཡོད་པ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་འགྲོ་འོང་བཀག་སྡོམ་གྱི་དུས་ཚོད་ཕར་འགྱངས་བྱས་ཡོད་ནའང་། ཚོང་ཁང་དག་རེས་མོས་ཀྱིས་སྒོ་ཕྱེས་ཆོག་པའི་ཐག་གཅོད་བྱས་ཡོད་པ། ཨ་རིའི་འཛིན་སྐྱོང་གཞུང་གི་སྨན་བཅོས་དང་འཕྲོད་བསྟེན་ཐད་ཀྱི་སློབ་སྟོན་ཧྥུའུ་ཆིས་ཡིས་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་ཐད་འབྲེལ་ཡོད་ནད་པ་ཁག་ཅིག་དང་འབྲེལ་ནས་དོགས་སློང་བྱས་ཡོད་པ། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ནོར་སྲིད་བློན་ཆེན་ཚོས་རྒྱལ་ཁབ་ཁག་བར་གྱི་ཚོང་ལས་སྤྱི་གཉེར་ཁང་དག་གིས་དཔྱ་ཁྲལ་སྤྲོད་ཐབས་ཀྱི་ཐབས་ལམ་གསར་བ་གཏན་འབེབས་བྱ་འཆར་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།

All programs

Up next ༢༢:༠༠ - ༢༣:༠༠ ༥༩:༥༧ min

དགོང་དྲོའི་རླུང་འཕྲིན།
See full schedule
XS
SM
MD
LG