རྒྱ་ནག་གཞུང་གིས་ཕྷི་ལི་པིན་གྱི་མི་སེར་གསུམ་ལ་ཉེས་ཐག་ནག་ཚོང་གི་ཉེས་འཛུགས་བྱས་ཏེ་ རིང་མིན་སྲོག་ཐོག་གི་ཉེས་ཆད་གཏོང་རྒྱུ་ཡིན་པ་རེད། ཕྷི་ལི་པིན་གཞུང་གིས་རང་གི་མི་སེར་གསུམ་པོ་དེ་ལ་ཉེས་ཆད་ཡང་དུ་གཏོང་རྒྱུའི་འབོད་སྐུལ་བྱས་ཡོད་ཀྱང་རྒྱ་ནག་གཞུང་གིས་ཉན་ཤེས་བྱས་མེད་པ་དང་། ཞུ་གཏུགས་དེའི་ཆེད་རྒྱ་ནག་ཏུ་ཕྷི་ལི་པིན་གྱི་སྲིད་འཛིན་གཞོན་པ་ཕེབས་བཅུག་མེད་པ་རེད།