ངོ་འཕྲད་བདེ་བའི་དྲ་འབྲེལ།

འཛམ་ཐང་གི་རྒྱབ་ལྗོངས།


བོད་མདོ་སྨད་འཛམ་ཐང་ཁུལ་ནས་ཚེས་༡༩རེས་གཟའ་ཕུར་བུའི་ཉིན་བོད་མི་གཉིས་ཀྱིས་རང་སྲེག་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ཉེ་སྔོན་འཛམ་ཐང་ས་ཁུལ་དེ་ནས་བོད་པའི་གཞོན་སྐྱེས་ཤིག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོང་ལ་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། འཛམ་ཐང་ས་གནས་འདི་བཞིན་དེ་སྔོན་མགོ་ལོག་གི་ཁོངས་སུ་གཏོགས་པ་དང་། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་ཡོད་པ་སོགས་འབྲེལ་ཡོད་གནས་ཚུལ་ཚེ་རིང་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པ་འདི་གསན་རོགས།

XS
SM
MD
LG