ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ལོ་༢༠༡༣་ལོའི་རྒྱ་ནག་གི་ལྐོག་ཟ།


ཕྱི་ལོ་༢༠༡༣་འདིར་རྒྱ་ནག་གཞུང་གིས་པཱོ་ཤི་ལེར་ཁྲིམས་བཤེར་བྱས་པ་དང་། ཁོ་ལ་དངོས་སུ་ཁྲིམས་ཐག་བཅད་པ་སོགས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་བསྟན་ནས་ཆབ་སྲིད་ཀྱི་ཡོ་འཁྱོམ་ཆེན་པོ་ཞིག་བརྒྱབ་ཀྱང་རྒྱ་ནག་གི་བརྙན་འཕྲིན་ནང་དུ་ཡོངས་གྲགས་སུ་མ་བསྟན་པའི་མཐོ་རིམ་འགོ་ཁྲིད་གཞན་པ་ཁག་ཅིག་ལའང་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་ཐག་བཅད་ཅིང་། པེ་ཅིང་གི་དཔལ་འབྱོར་རིག་པ་བ་ཧུ་ཞིང་ཏུག་གིས་བཤད་པ་ལྟར་ན། ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་པའི་འུར་སྒྲོགས་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་སྔོན་ཆད་ཀྱང་བཀག་འགོག་མ་བྱས་པ་ཞིག་མ་རེད་ཅེས་བཤད་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG